འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་པུས་2018ལོའི་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་གི་སྤྱི་ཕན་དངུལ་སྒོར་དུང་
    ཕྱུར་48ལྷག་ཙམ་སྔོན་ཚུད་ནས་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན། ནོར་སྲིད་པུས་བརྡ་ཐོ་བཏང་སྟེ་ཞིང་ཆེན་24(རང་སྐྱོང་ལྗོངས་དང་། ཐད་སྐྱོང་གྲོང་ཁྱེར། དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེ་ས་ཁུལ། གསར་བརྗེའི་རྟེན་གཞི་ཁུལ་རྙིང)ལ་2018ལོའི་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་གི་སྤྱི་ཕན་དངུལ་སྤྱད་དེ་ས་གནས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྔོན་རྩིས་དམིགས་ཚད་ཀྱི་དངུལ་སྒོར་ཁྲི་488750སྔོན་ཚུད་ནས་སྤྲད་པ་དང་2018ལོའི་སྔོན་རྩིས་ལོ་འཁོར་འགོ་ཚུགས་རྗེས་རིམ་བཞིན་གཏོང་སྤྲོད་བྱ་རྒྱུ་ཡིན་པ་རེད།
         བརྡ་ཐོའི་ནང་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་དེ་དག་ཡུལ་དེའི་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་གཏོང་རྒྱུ་དང་། མ་དངུལ་བེད་སྤྱོད་ཀྱི་གནས་ཚུལ་ལྟར《2018ལོའི་ནོར་སྲིད་ཀྱི་གཏོང་ཡོང་རིགས་དབྱེའི་ཚན་པའི》འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགྲོ་སོང་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།