འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་གཙོ་གནད་ལས་འགན་དྲུག་ལ་སྐུལ་འདེད་
    བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་འཆར་ལྡན་བུ་བཙའ་མཐུན་ཚོགས་ཀྱིས་པེ་ཅིང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་གསོ་སྦྱོང་འཛིན་གྲྭ་འཚོགས་པ་རེད།
         ཚོགས་འདུའི་བཀོད་སྒྲིག་ལྟར་ན། རིམ་ཁག་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྤྱི་འདོམས་སུ་བྱས་ཏེ་སྦྲེལ་ཟམ་གྱི་ནུས་པ་ཧུར་ཐག་བཏོན་པ་དང་། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་སྟེ་མང་ཚོགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བ་དང་ཞུགས་བདེ་བའི་རྣམ་པ་བརྒྱུད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཆེའི་སྐྱེ་ལོར་སླེབས་པའི་མང་ཚོགས་དང་འཆར་ལྡན་བུ་བཙའི་ཁྱིམ་དུ་བརྒྱུད་བསྒྲགས་བྱ་རྒྱུ་རེད། “གོང་འོག་དང་གཡས་གཡོན་གང་སར་ཁྱབ་པའི”དྲ་རྒྱའི་ལེགས་ཆར་བརྟེན་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་ནུས་ལ་གཞི་ཚུགས་ཏེ་བདེ་ཐང་ཀྲུང་གོའི་འཐབ་ཇུས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་བཀོད་སྒྲིག གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁྲོད“མཐའ་མའི་འགག་གནད”ཀྱི་ནུས་པ་ཡག་པོ་འདོན་དགོས། གོམ་སྟབས་རྗེས་མར་དྲིལ་བསྒྲགས་སློབ་གསོ་དང་། སྐྱེ་འཕེལ་དང་བདེ་ཐང་གི་བློ་འདྲིའི་ཞབས་ཞུ། ལེགས་བཙའ་ལེགས་གསོའི་མཛུབ་ཁྲིད། འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་རོགས་སྐྱོར། ཁེ་དབང་སྲུང་སྐྱོང་། ཕྱོགས་མིའི་ཞབས་ཞུ་བཅས“གཙོ་གནད་ལས་འགན་དྲུག”ལ་དམིགས་ཏེ་ཏང་དང་སྲིད་གཞུང་གི་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལ་སྔར་བས་རམ་འདེགས་དང་། དུས་ཐོག་ཏུ་ཡུལ་བབ་དང་དམངས་འདུན་ཤེས་རྟོགས། བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཀྱི་ལྷན་སྦྱར་འབྲེལ་མཐུད་ལ་རམ་འདེགས། ཁྱིམ་ཚང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་པར་རོགས་རམ་བཅས་བྱས་ཏེ་མི་འབོར་དུས་ཡུན་རིང་པོ་དོ་སྙོམས་འཕེལ་རྒྱས་དང་ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད་ཡོང་བ་བྱ་རྒྱུ་དང་། མང་ཚོགས་ཀྱི་མིག་སྔའི་རིམ་པ་མང་བ་དང་སྣ་མང་ཅན་གྱི་བུ་བཙའི་ཞབས་ཞུའི་དགོས་མཁོ་སྐོང་བ་དང་། ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུའི་ནང་དོན་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དངོས་འབྲེལ་ཆེ་རུ་གཏོང་རྒྱུ། བུ་བཙའི་ལས་དོན་ལ་སེམས་ཁུར་དང་། ན་གཞོན་བདེ་ཐང་། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་གི་རོགས་སྐྱོར། སྐྱེ་འཕེལ་བདེ་ཐང་ལ་སྐུལ་འདེད། འཆར་ལྡན་བུ་བཙའི་ཁྱིམ་ཚང་ཕྱུག་འགྱུར་སོགས་ཁྱད་ལྡན་སྤུས་རྟགས་ཀྱི་རྣམ་གྲངས་ཧུར་ཐག་གཉེར་རྒྱུ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། ཕ་མ་ཡ་གྱར་གྱི་ཁྱིམ་ཚང་དང་། ཁང་སྟོང་ཁྱིམ་ཚང་། གཞིས་ལུས་བྱིས་པ་སོགས་དམིགས་བསལ་གྱི་ཉམས་ཞན་ཚོགས་སྤྱིར་སེམས་ཁུར་བཅས་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།