འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"ཐང་ག་སྒྱུ་རྩལ་འགྲེམས་སྟོན"མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་
    རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འགྲེམས་སྟོན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'ཐང་ག་སྒྱུ་རྩལ་འགྲེམས་སྟོན'མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་
རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འགྲེམས་སྟོན་བྱེད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཀྲུང་གོ་རྒྱལ་སྤྱིའི་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པའི"ཐང་ག་སྒྱུ་རྩལ་འགྲེམས་སྟོན"ཧྥ་རན་སེའི་ཕ་རི་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འགྲེམས་སྟོན་བྱེད་འགོ་ཚུགས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དཔོན་པོ་དང་ཁོངས་ཞུགས་རྒྱལ་ཁབ་ཁག་གི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་བཅའ་སྡོད་བྱེད་མཁན་ཕྱི་འབྲེལ་དཔོན་པོ། ཧྥ་རན་སེའི་འབྲེལ་ཡོད་དཔོན་པོ་དང་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ། དེ་བཞིན་ཧྥ་རན་སེ་རུ་ཡོད་པའི་ཀྲུང་གོ་བ་དང་ཕྱི་སྡོད་ཀྲུང་གོ་བའི་འཐུས་ཚབ་སོགས་མི་300ལྷག་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
         ལུང་ཡུས་ཞང་གིས་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུངས་པའི་སྨོན་ཚིག་ནང་དུ་ཐང་ག་ནི་ཀྲུང་གོའི་བོད་རིགས་ཀྱིས་ལོ་ངོ་སྟོང་ལྷག་རིང་རྒྱུན་འཛིན་བྱས་པའི་རི་མོའི་སྒྱུ་རྩལ་ཞིག་ཡིན་ལ། བོད་ཀྱི་རིག་གནས་ཀྱི་འདྲེན་བྱེད་དངོས་པོ་ཞིག་ཀྱང་རེད། ཐེངས་འདིར་འགྲེམས་སྟོན་བྱས་པའི་རེབ་གོང་ཐང་ག་20ནི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་དཔེ་མཚོན་ཐང་ག་ཡིན་པ་དང་། སྤྱི་ལོ་དུས་རབས་13པར་བྱུང་བ་རེད། 2009ལོར་རེབ་གོང་ཐང་ག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོར་བཀོད་པ་རེད། བློ་བཟང་བསྟན་པ་ནི་རེབ་གོང་སྒྱུ་རྩལ་གྱི་མཚོན་བྱེད་རང་བཞིན་ལྡན་པའི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཁོང་གིས"ལྷ་རིས་པའི་ཁྱིམ་རྒྱུད"ཀྱི་རྒྱུན་འཛིན་པ་མི་རབས་14ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་བཅས་ལ་གཞོལ་བ་རེད། འདི་ནི་ཀྲུང་གོའི་བོད་རིགས་ལྷ་རིས་པ་ཞིག་གིས་འཛམ་གླིང་གི་རིག་གནས་ལ་བཞག་པའི་ཤུལ་བཞག་ཡིན་པ་དང་། མཉམ་འབྲེལ་བྱས་པ་ནི་འཛམ་གླིང་ཡོངས་ཀྱི་མིའི་རིགས་ཀྱི་སེམས་པའི་ཚོར་ཤེས་རེད་ཅེས་གསུངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “རི་མོ་འབྲི་རྩལ་མཉམ་འདུས”ནི་ལོ་མང་པོའི་རིང་སྔ་གཞུག་ཏུ་དེང་རབས་ཀྲུང་གོའི་སྒྱུ་རྩལ་པ་ཕུལ་བྱུང་160ལྷག་སྒྲིག་འཛུགས་བྱས་ནས་གཅིག་རྗེས་གཅིག་མཐུད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཨུ་རུ་སུ། ཐེ་ལན། རྒྱ་གར། སི་ཕེན། པ་རེན་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་སོགས་སུ་ལེགས་འགྲུབ་ངང་གཉེར་ཡོད་པ་རེད།
    ༄༅།།'ཐང་ག་སྒྱུ་རྩལ་འགྲེམས་སྟོན'མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་
རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འགྲེམས་སྟོན་བྱེད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།