འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྱོན་མི་
    ཁྲི་5402.6ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་དམངས་སྲིད་པུའི་དུས་ཚིགས་བཞི་པའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དགུ་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྱོན་མི་ཁྲི་5402.6ཡོད་པ་ལས། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཁྲི་1324.4དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་ཁྲི་4078.2ཡོད་པ་རེད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཆ་སྙོམས་མི་རེར་ཟླ་རེར་སྒོར་534ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་9.9འཕར་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་4211ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་16.6འཕར་ཡོད་པ་རེད། འདི་ལོའི་ཟླ་དགུ་པའི་བར། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་ཤིན་ཏུ་དབུལ་བའི་མི་ཁྲི་474.3ཡོད་པ་དང་། ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་ཀྱིས་མི་ཐེངས་ཁྲི་5051.3ལ་སྨན་བཅོས་རོགས་སྐྱོབ་དང་མི་ཐེངས་ཁྲི་477.6ལ་གནས་སྐབས་རོགས་སྐྱོབ་བྱས་པ་རེད།
         འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་དུ་ཐོན་པའི་རང་བྱུང་གནོད་འཚེ་གཙོ་བོར་ཆུ་ལོག་དང་། ཞོད་སྐྱོན། ས་ཡོམ། རྒྱ་མཚོའི་རླུང་འཚུབ། ཐན་སྐྱོན་བཅས་ཡོད་ཅིང་། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། རང་བྱུང་གནོད་འཚེ་སྣ་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་མི་ཐེངས་དུང་ཕྱུར་1.26ལ་གནོད་འཚེ་ཕོག་ཡོད་པ་ལས། མི་799རྐྱེན་ལམ་དུ་ཤོར་བ་དང་། མི་90གར་སོང་མེད་པ། མི་ཐེངས་ཁྲི་465.5ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ། ཁང་མིག་ཁྲི་13.9བརྡིབས་པ། ཞིང་ལས་སྐྱེ་དངོས་སྤྱི་ཆིང་སྟོང་18158.8ལ་གནོད་འཚེ་ཕོག་པ་བཅས་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་3147.5ཕོག་པ་རེད།
         གཞན་ཡང་། དམངས་སྲིད་པུའུ་སྤྱི་ཚོགས་ལས་དོན་སིའི་སི་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཡོངས་གཉེན་འཚོལ་རོགས་སྐྱོབ་དྲ་ཚིགས་ཤར་གཏོང་བྱས་ཚུན་ནས་2017ལོའི་ཟླ་11ཚེས་7ཉིན་བར་དུ། སྟེགས་བུ་དེས་ཁྱོན་གཉེན་འཚོལ་སྤྱི་བསྒྲགས་44273སྤེལ་ནས་རིམ་རྩིས་བརྒྱབ་ན་རོགས་སྐྱོབ་དང་ལེན་བྱེད་མཁན་མི་13728ལ་རོགས་རམ་བྱས་ནས་རང་ཡུལ་དུ་ལོག་ཐུབ་ཡོད་ཅེས་བརྗོད།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་)31གི་རོགས་སྐྱོབ་དོ་དམ་སྒྲིག་གཞི་ཚང་མས་《རྒྱལ་ཡོངས་གཉེན་འཚོལ་རོགས་སྐྱོབ་དྲ་ཚིགས》དང《དེ་རིང་གི་གསར་འགྱུར་གལ་ཆེན་》ལ་བརྟེན་ནས་གཉེན་འཚོལ་ལས་དོན་སྤེལ་གྱི་ཡོད་པ་དང་། འདི་ལོའི་ཟླ་10ཚེས་25ཉིན་བར་དུ། མཉམ་དུ་གཉེན་འཚོལ་ཁག་3000ལྷག་ཙམ་ལེགས་གྲུབ་བྱུང་བ་ལས། 《དེ་རིང་གི་གསར་འགྱུར་གལ་ཆེན་》བརྒྱུད་དེ་གཉེན་འཚོལ་ཆ་འཕྲིན་14820སྤེལ་བར་20.2%ལེགས་གྲུབ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།