འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བཅུ་པར་རྒྱལ་ཡོངས་སུ་གནོད་འཚེ་ཕོག་ཚུལ་ན་ནིང་གི་དུས་མཚུངས་དང་བསྡུར་ན་མངོན་
    གསལ་དོད་པོས་ཚབས་ཆེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་གོང་ཚེས་ཉིན་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བཅུ་པར་རང་རྒྱལ་དུ་བྱུང་བའི་རང་བྱུང་གནོད་འཚེ་གཙོ་བོ་ཆུ་ལོག་ཞོད་སྐྱོན་དང་རླུང་འཚུབ་དྲག་པོའི་གནོད་འཚེ་ཡིན་པ་དང་། རླུང་སེར་དང་། དྲོད་ཚད་དམའ་བ། གངས་སྐྱོན། གས་རྡིབ། རི་ཉིལ་བ། འདམ་རྡོའི་ཆུ་རུད། ནགས་ཚལ་གྱི་མེ་སྐྱོན་སོགས་ཀྱི་གནོད་འཚེ་ཡང་རིམ་པ་མི་འདྲ་བའི་སྒོ་ནས་ཐོན་ཡོད། ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད། རིགས་ཁག་གི་རང་བྱུང་གནོད་འཚེས་རྒྱལ་ཡོངས་ཀྱི་མི་ཐེངས་ཁྲི་1719.4ལ་གནོད་འཚེ་ཕོག་པ་དང་། མི་51རྐྱེན་ལམ་དུ་ཤོར་བ། མི་2གར་སོང་མེད་པ། མི་ཐེངས་ཁྲི་54.3ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ། མི་ཐེངས་ཁྲི་21.5ལ་ཛ་དྲག་གི་འཚོ་བའི་རོགས་སྐྱོབ་བྱས་པ། ཁང་མིག་ཁྲི་1.3ལོག་པ། ཞིང་ལས་ལོ་ཏོག་རྒྱ་ཁྱོན་སྤྱི་ཆིང་སྟོང་1809.5ལ་གནོད་འཚེ་ཕོག་པ། ཐད་ཀའི་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་164.7ཕོག་ཡོད། སྤྱིའི་ཆ་ནས་བལྟས་ན་ཟླ་བཅུ་པར་རྒྱལ་ཡོངས་སུ་གནོད་འཚེ་ཕོག་ཚུལ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་མངོན་གསལ་དོད་པོས་ཚབས་ཆེ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།