འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་》ཀྱི་དྲིལ་བསྒྲགས་པར་གཞི་ཉིའུ་
    གཡོད་དུས་རབས་ཐང་ཆེན་གྱི་བརྙན་ལམ་ནས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་12ཉིན། ཉིན་ཤས་བསྟུད་མར། ཨ་རིའི་ཉིའུ་གཡོད་དུས་རབས་ཐང་ཆེན་གྱི་ཐོག་ཁང་ཨང་གཉིས་པའི་བརྙན་ལམ་ཐོག་བསྟན་པའི་《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་》ཀྱི་སྤྱི་ཕན་དྲིལ་བསྒྲགས་པར་གཞིས་ས་གནས་དེ་གའི་དམངས་ཚོགས་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།
         དྲིལ་བསྒྲགས་པར་གཞི་དེའི་དུས་ཚོད་སྐར་ཆ་60ཡོད་པ་དང་དེའི་ནང་ཀྲུང་གོ་དང་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ། གླིང་ཆེན་ཨ་མེ་རི་ཁ་བཅས་ཀྱི་རྒྱལ་ཁབ་ཀྱི་ཚོང་དོན་དང་། རིག་གནས། རྨང་གཞིའི་སྒྲིག་བཀོད་བཅས་སྐོར་གྱི་གཉིས་ཕན་མཉམ་ལས་ཀྱི་གནས་ཚུལ་དང་དེ་བཞིན་མཛའ་གྲོགས་སྤེལ་རེས་མཚོན་པའི་པར་རིས་30བསྡུས་ཡོད་པ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་དམངས་ཚོགས་ཀྱི་འཛུམ་མདངས་པར་རིས་སྒྲིག་མ་བརྒྱ་དང“ང་ཚོས་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན”ཞེས་པའི་བརྗོད་དོན་གཙོ་བོའི་ཚིག་གིས་མཇུག་བསྡུས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། པར་གཞི་དེ་ཟླ་11ཚེས་7ཉིན་གྱི་སྔ་དྲོ་བསྟན་པ་དང་ཚེས་14ཉིན་མཇུག་འགྲིལ་རྒྱུ་དང་ཉིན་ལྟར་ཐེངས་144བསྟན་རྒྱུ་རེད།
         ཉིའུ་གཡོད་དུ་སྲོལ་རྒྱུན་གྱི་ཀྲུང་གོའི་རི་མོའི་འགྲེམས་སྟོན་གཉེར་བར་ཡོང་མཁན་ཐེན་ཅིན་བུད་མེད་རི་མོ་ཁང་གི་ཡོན་ཀྲང་ཨའེ་ཤིན་ཅུའེ་ལུའོ·མོང་ཡུས་ཀྱིས“འཆམ་མཐུན”ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དེའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི“མཛའ་མཐུན་མཉམ་གནས་དང་། གནམ་འོག་བཏང་སྙོམས”ཀྱི་འདོད་ཚུལ་མངོན་ཡོད་ཅེས་བཤད།
         ས་གནས་དེ་གའི་བསླབ་པ་རྒན་གྲས་ཀྱི་གསར་འགོད་པ་ཅང་ཀོང་ཕུའུ་ཡིས་མིའི་རིགས་གོ་ལ་གཅིག་ཐོག་འཚོ་བ་སྐྱེལ་གྱི་ཡོད་པས། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ངང་མཉམ་ལས། གཉིས་ཁེ་གཉིས་ཕན། མཉམ་འདྲེས་བསྟུན་མཁས་བཅས་བྱ་རྒྱུ་ནི་མི་ཡུལ་གྱི་ཆོས་ཉིད་ཡིན། དེ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་འཛམ་གླིང་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བའི་རྒྱུ་རྐྱེན་ཡང་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།