འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་ཐོག་ཚོང་དོན་གྲོང་གསེབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གཉེར་བར་རྫོང་དབུལ་པོ་
    500ཙམ་ལ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་ཡོངས་དྲ་ཐོག་ཚོང་དོན་གནད་སྨིན་དབུལ་སྐྱོར་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གནད་སྨིན་དབུལ་སྐྱོར་གྱི་འདུ་འགོད་བཅུའི་གྲས་སུ་བཅུག་སྟེ་སྐུལ་སྤེལ་ཧུར་ཐག་བཏང་བ་རེད། རྒྱལ་ཁབ་ཀྱི་པུའུ་ཨུད་ཚན་པ་16གིས་《དྲ་ཐོག་ཚོང་དོན་གྱི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》མཉམ་དུ་བཀྲམ་ནས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་འདུ་འགོད་ལ་རྩེ་རིམ་འཆར་འགོད་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་དང་བྱ་ཐབས་མང་པོ་སྔ་རྗེས་སུ་བཏོན་པ་དང་། ལྷག་པར་དུ་ཚོང་དོན་པུའུ་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་ཀྱིས་ལོ་གསུམ་རིང་ཕྱོགས་ཡོངས་ལ་ཁྱབ་པའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་དང་དར་རྒྱས་བྱུང་མེད་པའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་རྫོང་དྲ་ཐོག་ཚོང་དོན་གྲོང་གསེབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གཉེར་བའི་འདུན་ཞུའི་ཁྱབ་ཁོངས་སུ་གཏན་འཁེལ་བྱས་པ་དང་། འདི་ལོའི་བར་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་499ལ་ཁྱབ་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ཆིན་པ་རི་ཁུལ་གྱི་ལུང་ནན་གྲོང་ཁྱེར་དུ་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཚོད་ལྟའི་དཔེ་སྟོན་ལ་མཛུབ་ཁྲིད་བྱས་པ་དང་ས་གནས་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བློ་ཁོག་ཆེན་པོས་གསར་གཏོད་བྱས་པས་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་རྒྱུན་ཆད་མེད་པར་བྱུང་ཡོད། རྒྱལ་ཡོངས་སུ་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ཆེ་གྲས་15ཡོད་པ་ཚང་མས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ཆེད་དམིགས་ཁུལ་བཙུགས་ཡོད། ཉེ་དུས། ཚོང་དོན་པུའུ་དང་། རྒྱལ་སྲིད་སྤྱི་ཁབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་ལས་བྱས་ནས་ཟླ་11ཚེས་1ནས་11ཉིན་བར་གྱི་ཉིན་བཅུའི་ཅ་དངོས་ཉོ་བའི་དུས་ཚོད་རིང་རྫོང་དབུལ་པོ་100ལྷག་ཙམ་གྱི་ཞིང་ཞོར་ཐོན་རྫས་སྤུས་ལེགས་གཅིག་སྡུད་དྲིལ་བསྒྲགས་བྱས་པ་དང་། འཛད་སྤྱོད་པས་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་གཅིག་སྡུད་ཉོ་རྒྱུར་ཁྲིད་སྟོན་བྱས་པས་འཛད་སྤྱོད་གནད་སྨིན་དབུལ་སྐྱོར་བྱུང་བ་དང་དུད་ཚང་དབུལ་པོའི་ཡོང་འབབ་འཕར་བས་སྤྱི་ཚོགས་ཕྱོགས་ཁག་གི་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།