འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ས་གནས་རང་ནས་གསོ་སྐྱོང་བྱས་པའི་འབུམ་རམས་ཞིབ་འཇུག་སློབ་མ་ཁག་པོ་
    དང་པོ་སློབ་མཐར་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ས་གནས་རང་ནས་གསོ་སྐྱོང་བྱས་པའི་འབུམ་རམས་ཞིབ་འཇུག་སློབ་མ་ཁག་པོ་
དང་པོ་སློབ་མཐར་ཕྱིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན། སྐབས་དང་པོའི་བོད་ལྗོངས་སློབ་ཆེན་གྱིས་འབུམ་རམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་མཛད་སྒོ་སྤེལ་ནས། སློབ་ཐོན་སློབ་མ་4ལ་འབུམ་རམས་པའི་སློབ་གནས་སྤྲད་པ་རེད། འབུམ་རམས་པ་བཞི་པོ་ནི་སོ་སོར་བོད་ཀྱི་ལོ་རྒྱུས་ཆེད་ལས་དང་བོད་སྐད་ཡིག་རྩོམ་རིག དེ་བཞིན་དུ་མཐོ་སྒང་གི་གསོ་བ་རིག་པའི་ཆེད་ལས་མཐར་ཕྱིན་པ་ཡིན་ཞིང་། དེ་ནི་བོད་ལྗོངས་ས་གནས་རང་ནས་གསོ་སྐྱོང་བྱས་པའི་འབུམ་རམས་པའི་སློབ་མ་ཁག་དང་པོ་ཡིན་པ་རེད། 
         བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་བསོད་ནམས་ཚེ་རིང་གིས་བོད་ལྗོངས་ས་གནས་རང་ནས་གསོ་སྐྱོང་བྱས་པའི་འབུམ་རམས་པའི་སློབ་མ་ཞིག་གི་ངོས་ནས་བཤད་ན། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་བརྒྱུད་འཛིན་བྱེད་པའི་སྲིད་ཇུས་ལེགས་པོའི་འོག  ནུས་ཁུངས་ཡོངས་རྫོགས་བེད་སྤྱད་དེ་སློབ་སྦྱོང་མཐར་ཕྱིན་པར་བྱེད་པར་སེམས་གཏིང་ནས་བཀའ་དྲིན་ཆེ་བའི་ཚོར་སྣང་ཡོང་གི་འདུག་ཅེས་བརྗོད་པ་རེད། 
         རྒྱ་རིགས་སློབ་མ་ཀྲང་ཧུའེ་ཡིས་དེ་སྔོན་ཉེ་འགྲམ་གྱི་ཞིང་ཆེན་དུ་མཐོ་སྒང་ལ་གོམས་ཐབས་ཀྱི་ཞིབ་འཇུག་བྱས་པ་རེད། བོད་ལྗོངས་སློབ་གྲྭ་ཆེན་མོའི་མཐོ་སྒང་གསོ་བ་རིག་པའི་ཆེད་ལས་ཀྱི་འབུམ་རམས་པར་རྒྱུགས་སྤྲོད་དོན་ནི། བོད་ལྗོངས་ནི་མཐོ་སྒང་དུ་འཕྲོད་པར་བྱེད་པའི་ཆེས་བཟང་བའི་རང་བྱུང་ཚོད་ལྟ་ཁང་དེ་ཡིན་པའི་ཕྱིར་དང་། འབུམ་རམས་པའི་སློབ་ཡུན་རིང་ལ། ཀྲང་ཧུའེ་ལ་དགེ་རྒན་ཆེ་མོ་ཚུའེ་ཁྲའོ་དབྱིང་དང་དངོས་གྲུབ་ནོར་བུ་རྣམ་གཉིས་ཀྱི་སློབ་སྟོན་ཐོབ་ཡོད་པ་དང་། བོད་ལྗོངས་སློབ་ཆེན་གྱི་གསོ་བ་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཚུའེ་ཁྲའོ་དབྱིན་གྱིས་"བོད་རིགས་དགེ་རྒན་གཉིས་ཀྱིས་མཉམ་དུ་རྒྱ་རིགས་སློབ་མ་ཞིག་ལ་སློབ་སྟོན་བྱེད་པ་ནི། ས་གནས་འདི་ག་རང་ནས་གསོ་སྐྱོང་བྱེད་པའི་འབུམ་རམས་པའི་སློབ་མ་ལ་མཐོང་ཆེན་བྱེད་པ་དང་། ད་དུང་བོད་རྒྱ་ཁྱིམ་ཚང་གི་བརྩེ་བ་མཚོན་ཡོད་པ་རེད་"ཅེས་གསུངས་པ་རེད། 
          བོད་ལྗོངས་སློབ་ཆེན་ནི་2017ལོའི་ཟླ་7པར་འབུམ་རམས་པའི་སློབ་མ་གསོ་སྐྱོང་བྱས་ཆོག་པའི་སྡེ་ཁག་ཏུ་གྱུར་པ་དང་། དེར་མི་རིགས་རིག་པ་དང་། ཀྲུང་གོའི་སྐད་ཡིག་རྩོམ་རིག་དང་སྐྱེ་ཁམས་རིག་པ་གསུམ་གྱི་སློབ་གནས་ཡོད་པའི་རིག་ཚན་རིམ་པ་དང་པོ་ཡིན་པ་རེད། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ་དུ། མིག་སྔའི་བར་དུ། བོད་ལྗོངས་ཡོངས་སུ་མཐོ་རིམ་སློབ་གྲྭ་7ཡོད་པ་དང་། སློབ་གྲྭར་ཡོད་པའི་ཉིན་གང་ལམ་ལུགས་ཀྱི་འབུམ་རམས་པ་60ལས་བརྒལ་ཡོད་པ་རེད། 
    ༄༅།།བོད་ལྗོངས་ས་གནས་རང་ནས་གསོ་སྐྱོང་བྱས་པའི་འབུམ་རམས་ཞིབ་འཇུག་སློབ་མ་ཁག་པོ་
དང་པོ་སློབ་མཐར་ཕྱིན་པ།
      

    ཕྱོགས་བསྡུས་གསར་འགྱུར།