འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ས་མཚམས་ཞིབ་བཤེར་གྱི་རྫོང་རིམ་པའི་སྤྱི་བདེའི་དོ་དམ་སྒྲིག་གཞི་གསར་པ་
    8བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱས་པར། “གློད་དམ་ཞབས”གསུམ་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་དང་རྒྱལ་མཚམས་ནས་སྒྲོལ་མཁན་མང་ཚོགས་ལག་ཁྱེར་གཉེར་བདེ་ཡོང་ཆེད། སྤྱི་བདེ་པུས་ཞིབ་བཤེར་རྩིས་ལེན་དང་ཆོག་མཆན་སྤྲད་པ་བརྒྱུད་མཚོ་སྔོན་ཞིང་ཆེན་དུ་ས་མཚམས་ཞིབ་བཤེར་གྱི་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱི་དོ་དམ་སྒྲིག་གཞི་8གསར་དུ་བཙུགས་པ་རེད།
         མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ལི་གོ་རུའུ་ཡིས་མཚོ་སྔོན་དུ“གནས་མང་བ་དང་། ལམ་ཐག་རིང་བ། ཁྱབ་རྒྱ་ཆེ་བ། སྡོད་གནས་ཁ་ཐོར”སོགས་ཀྱི་དམིགས་བསལ་ཁྱད་ཆོས་མངོན་གསལ་དོད་པས་ས་མཚམས་ནས་ཕར་འགྲོ་ཚོར་འོང་ལ་དོ་དམ་བྱེད་པའི་ལས་ཀ་གཞི་རིམ་དུ་ཕྱོགས་རྒྱུ་དང་ཞབས་འདེགས་ལས་དོན་འཐབ་ས་མདུན་མར་སྤེལ་བའི་ལས་འགན་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད། དེར་བརྟེན་ས་མཚམས་ཞིབ་བཤེར་གྱི་སྤྱི་བདེ་དོ་དམ་སྡེ་ཚན་གྱིས་ཞིབ་འཇུག་གཏིང་ཟབ་དང་དོན་དངོས་ལ་གཞི་ཚུགས་ནས་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ། སྤྱི་བདེ་པུའི་བླང་བྱར་ནན་པོར་གཞིགས་ནས་སྒྲིག་གཞི་འཛུགས་པ་དང་། མི་སྣ་བཀོད་སྒྲིག གནས་བསྐྲུན་པ། སྒྲིག་ཆས་ཉོ་སྒྲུབ། མ་ལག་སྒྱུར་བཀོད། བརྒྱུད་རིམ་སླར་སྐྲུན། སྒྲིག་སྦྱོར་ཚོད་ལྟ། སློབ་གསོ་གསོ་སྦྱོང་སོགས་ཀྱི་ལས་དོན་སྔ་སྣུར་དུ་ལེགས་གྲུབ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཙུགས་པའི་སྤྱི་བདེའི་དོ་དམ་སྒྲིག་གཞི་དེ་དག་བཀའ་མ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། གཏེར་ལེན་ཁ་གྲོང་ཁྱེར། ཝུའུ་ལམ་རྫོང་། ཐེམ་ཆེན་རྫོང་། ཏ་ཁྲའེ་ཏན་སྲིད་འཛིན་ཨུ་ཡོན་ལྷན་ཁང་། མང་ཡ་སྲིད་འཛིན་ཨུ་ཡོན་ལྷན་ཁང་། གསེར་ཆེན་རྫོང་། རྐང་ཚ་རྫོང་སོགས་སུ་ཡོད་པ་རེད། ད་ཆ་མཚོ་སྔོན་དུ་ཆུས(རྫོང)རིམ་པའི་སྤྱི་བདེ་ལས་ཁུངས་25ལ་ཆེད་དོན་སྒྲིག་གཞི་དེ་བཙུགས་ཟིན་ནས་ས་མཚམས་ནས་ཕར་འགྲོ་ཚུར་འོང་གི་ལག་ཁྱེར་གཉེར་བཞིན་ཡོད་པ་རེད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རུ་རྫོང་རིམ་པའི་སྤྱི་བདེའི་དོ་དམ་སྒྲིག་གཞི་ཁྱབ་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།