འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་འཕྲིན་ལས་མགོ་སྐོར་གཡོ་ལེན་གྱི་དོགས་ཡོད་ཉེས་ཅན་32ལྟ་སྐུལ་འོག་རྒྱལ་ནང་དུ་
    ཁྲིད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་སྟོང་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གློག་འཕྲིན་ལས་མགོ་སྐོར་གཡོ་ལེན་གྱི་དོགས་ཡོད་ཉེས་ཅན་32ལྟ་སྐུལ་འོག་རྒྱལ་ནང་དུ་
ཁྲིད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་སྟོང་ཟིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་27ཉིན་གྱི་ཐོ་རེངས་ཆུ་ཚོད་བཞིའི་ཐོག ཁམ་ཕུ་ཁྲེ་ནས་འཕུར་ཡོང་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཁྲེན་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་ཤིང་། གློག་འཕྲིན་དྲ་ཐོག་མགོ་སྐོར་གཡོ་ལེན་དོགས་ཡོད་ཉེས་ཅན་17ལྟ་སྐུལ་འོག་རྒྱལ་ནང་དུ་ཁྲིད་ཡོང་ནས་བརྟག་དཔྱད་སྔར་ལས་ལྷག་པ་དང་ལེན་བྱ་རྒྱུ་རེད།
         རྒྱལ་ཡོངས་སྤྱི་བདེ་ཅུས་ལས་ཁུངས་ཀྱི་བྱ་སྤྱོད་བཀོད་སྒྲིག་ལ་གཞིགས་ནས་སྤྱི་བདེ་པུའུ་ཡི་ཉེས་དོན་མྱུལ་ཞིབ་ཅུས་ཀྱིས་ཧུའུ་ནན་དང་ཧོ་ནན། སི་ཁྲོན་བཅས་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱི་མི་སྣ་ཁྲིད་ནས་ཁམ་ཕུ་ཁྲེ་རུ་གློག་འཕྲིན་དྲ་ཐོག་ནས་ཁྲིམས་འགལ་ཉེས་གསོག་བྱ་ངན་ལ་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་བར་བསྐྱོད་པ་རེད།
         ཟླ་7ཚེས་1ཉིན་ཁམ་ཕུ་ཁྲེ་ནས་དྲ་ཐོག་བསྙད་འདོགས་རྒྱུ་འཕྲོག་དོགས་ཡོད་ཉེས་ཅན་74འཛིན་བཟུང་བྱས་པའི་རྗེས་མཐུད་ནས། སྤྱི་བདེ་པུའི་ཁམ་ཕུ་ཁྲེར་བསྐྱོད་པའི་ལས་དོན་ཚོགས་ཆུང་གིས་ཁམ་ཕུ་ཁྲེར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་ཁམ་ཕུ་ཁྲེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བའི་འོག ཡང་བསྐྱར་གཅིག་བསྡུས་ཀྱིས་འཛིན་བཟུང་བྱ་སྤྱོད་སྤེལ་ནས་གློག་འཕྲིན་དྲ་ཐོག་མགོ་སྐོར་གཡོ་ལེན་ཉེས་གསོག་ནག་ཚང་3གཏོར་བ་དང་། ཉེས་གསོག་དོགས་ཡོད་ཉེས་ཅན་32འཛིན་བཟུང་བྱས་ཤིང་། གྱོད་གཞི་300ལྷག་ཐོག་མར་ཞིབ་བཤེར་རྩད་ཆོད་ཅིང་། གྱོད་འབྲེལ་དངུལ་སྒོར་ཁྲི་1000ཟིན་པ་རེད།
         ཟླ་7ཚེས་17ཉིན། ཁམ་ཕུ་ཁྲེའི་ཉེན་རྟོག་ཕྱོགས་ཀྱིས་གཞོགས་འདེགས་གནང་བའི་འོག ཕ་ནོམ་ཕེ་སོགས་ས་ཁུལ་གྱི་གློག་འཕྲིན་ཐོག་མགོ་སྐོར་གཡོ་ལེན་ནག་ཚང་ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་འཛིན་བཟུང་བྱ་སྤྱོད་སྤེལ་ནས་གློག་འཕྲིན་དྲ་ཐོག་མགོ་སྐོར་གཡོ་ལེན་ཉེས་གསོག་ནག་ཚང་3གཏོར་བ་དང་། དོགས་ཡོད་ཉེས་ཅན་32འཛིན་བཟུང་བྱས་པ་རེད།
         དོགས་ཡོད་ཉེས་ཅན་32དེ་དག་ཟླ་7ཚེས་26ཉིན་དང་ཚེས་29ཉིན་ལ་ཁག་བགོས་ཏེ་ཧོ་ནན་དང་སི་ཁྲོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ལྟ་སྐུལ་འོག་རྒྱལ་ནང་དུ་ཁྲིད་ཡོང་རྒྱུ་རེད།
    ༄༅།།གློག་འཕྲིན་ལས་མགོ་སྐོར་གཡོ་ལེན་གྱི་དོགས་ཡོད་ཉེས་ཅན་32ལྟ་སྐུལ་འོག་རྒྱལ་ནང་དུ་
ཁྲིད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་སྟོང་ཟིན་པ།
    ༄༅།།གློག་འཕྲིན་ལས་མགོ་སྐོར་གཡོ་ལེན་གྱི་དོགས་ཡོད་ཉེས་ཅན་32ལྟ་སྐུལ་འོག་རྒྱལ་ནང་དུ་
ཁྲིད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་སྟོང་ཟིན་པ།
    ༄༅།།གློག་འཕྲིན་ལས་མགོ་སྐོར་གཡོ་ལེན་གྱི་དོགས་ཡོད་ཉེས་ཅན་32ལྟ་སྐུལ་འོག་རྒྱལ་ནང་དུ་
ཁྲིད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་སྟོང་ཟིན་པ།
    ༄༅།།གློག་འཕྲིན་ལས་མགོ་སྐོར་གཡོ་ལེན་གྱི་དོགས་ཡོད་ཉེས་ཅན་32ལྟ་སྐུལ་འོག་རྒྱལ་ནང་དུ་
ཁྲིད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་སྟོང་ཟིན་པ།
      

    ཕྱོགས་བསྡུས་གསར་འགྱུར།