འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་སྤུས་རྟགས་ཆེད་སྤྱོད་མེ་འཁོར་
    ཐོག་མ་གཏོང་འགོ་ཚུགས་པ། 

    “རྒྱུད་གཅིག་ལམ་གཅིག”དང་མགྱོགས་མྱུར་མཉམ་འདྲེས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སུ“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་སྤུས་རྟགས་ཆེད་སྤྱོད་མེ་འཁོར་
ཐོག་མ་གཏོང་འགོ་ཚུགས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན་གྱི་ཆུ་ཚོད་15དང་སྐར་མ་20ཙམ་ལ“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་ཐེངས་Z8803གྱི་སྤུས་རྟགས་མེ་འཁོར་ལྷ་སའི་མེ་འཁོར་བབས་ཚུགས་ནས་དལ་གྱིས་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་རྩེའི་ཕྱོགས་སུ་གཏོང་འགོ་ཚུགས་ཤིང་། འདི་ནི་བོད་ནང་ཁུལ་དུ་བཏང་བའི་སྤུས་རྟགས་ཆེད་སྤྱོད་མེ་འཁོར་ཐོག་མ་ཡིན་པ་དང་དེས་མཚོ་བོད་ས་མཐོའི་ལྕགས་ལམ་གྱི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཁྲོམ་རའི་ཕན་ནུས་སྔར་བས་སྔོག་འདོན་བྱས་ཏེ་བོད“རྒྱུད་གཅིག་ལམ་གཅིག”དང་མགྱོགས་མྱུར་མཉམ་འདྲེས་ཐུབ་པ་བྱ་རྒྱུ་རེད།
           “ཐང་དང་། བོད། རྒྱ་གར”གྱི་གནའ་ལམ་དེ་སྐབས་དེ་དུས་ཀྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཁྲང་ཨན་ནས་ཐོན་ཏེ་ད་ལྟའི་ཧྲའན་ཤིས་དང་། མཚོ་སྔོན། བོད་ལྗོངས་སོགས་བརྒྱུད་དགོས་པ་དང་སྐྱིད་རོང་འགག་སྒོ་ནས་བསྒྲལ་རྗེས་ནེ་པ་ལར་འབྱོར་བ་དང་དེ་རྗེས་རྒྱ་གར་དུ་སླེབས་ཀྱི་ཡོད་པ་དེ་ནི་གནའ་དུས་ཀྱི་ས་མཐོའི་དར་གོས་ལམ་བུའི་གྲུབ་ཆ་གལ་ཆེན་ཞིག་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བསྟར་བ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་བྱས་པ་དང་སྦྲགས། ལམ་བར་གྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་། དོན་སྙིང་ཟབ་པའི་ལོ་རྒྱུས་རིག་གནས། ཁྱད་འཕགས་རང་བཞིན་གྱི་བོད་ཀྱི་ཉམས་འགྱུར་བཅས་ལས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་གི་ཡོད།
           མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཐོག་མ་ཡིན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་2014ལོའི་ཟླ་8ཚེས་16ཉིན་དངོས་སུ་ཤར་གཏོང་གཉེར་སྐྱོང་བྱེད་འགོ་ཚུགས་ནས་བོད་ཀྱི་ལྷོ་ནུབ་ས་ཁུལ་གྱིས་གཞུང་ལམ་སྐྱེལ་འདྲེན་ཁོ་ནར་བརྟེན་ནས་དབོར་འདྲེན་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད། ས་གནས་ཀྱི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་ལྷ་གཞིས་ལྕགས་ལམ་གྱི་མེ་འཁོར་སྤུས་རྟགས་ཀྱི་ཤུགས་རྐྱེན་དང་སྤྱི་ཚོགས་ཀྱི་མིང་གྲགས་ཆེ་རུ་གཏོང་ཆེད་མཚོ་བོད་ལྕགས་ལམ་ཀུང་སིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་སོགས་དང་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་ལྷ་ས་ནས་གཞིས་རྩེ་བར་གྱི་ཐེངས་Z8801/8802/8803/8804ཡི་འགྲུལ་སྐྱེལ་མེ་འཁོར་ལ“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”ཞེས་མིང་བཏགས་པ་རེད།
          མཚོ་བོད་ལྕགས་ལམ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཤིན་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་སྤུས་རྟགས་མེ་འཁོར་ཤར་གཏོང་ཐུབ་ཆེད། མཚོ་བོད་ལྕགས་ལམ་ཀུང་སིས་དུས་གོང་དུ་འཁོར་སྒྲོམ་སྒྱུར་བཅོས་རིམ་སྤོར་དང་། ཞབས་ཞུའི་སྒྲིག་བཀོད་ལེགས་སྒྲིག ཞབས་ཞུའི་སྤུས་རྟགས་གཏོད་པ་སོགས་ཀྱི་ལས་དོན་སྤེལ་ནས་འཁོར་སྒྲོམ་དུ་ངོ་མཚར་ལྡན་པའི་བོད་ཀྱི་རང་བྱུང་ཉམས་གྱུར་པར་རིས་བཀལ་བ་དང་། བོད་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མཛེས་རྒྱན་སྤྲས་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་དང་ཞབས་ཞུ་ཁྱབ་གདལ་བཏང་བ་བརྒྱུད། “ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་དོན་སྙིང་ཟབ་པའི་ལོ་རྒྱུས་རིག་གནས་དང་། ལམ་བར་གྱི་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས། ཁྱད་འཕགས་ཀྱི་བོད་ཀྱི་ཉམས་སྣང་སོགས་ཀྱི་གཞི་རྒྱུ་གཙོ་བོ་མེ་འཁོར་གྱི་ཞབས་ཞུ་དང་གཞི་གཅིག་ཏུ་བསྡུས་པ་རེད།
            དེ་དང་ཆབས་ཅིག མེ་འཁོར་ལ་ད་དུང་དེང་དུས་ཀྱི་ཨར་ཁང་དང་། ཀོག་ཧྥེའི་ཁང་། རོལ་དབྱངས་ཐིང་སོགས་ཀྱི་ཁྱད་ཆོས་ལྡན་པའི་འཁོར་སྒྲོམ་ཨར་ཁང་བཙུགས་ནས་འགྲུལ་པར་སིལ་ཟས་དང་། ཀོག་ཧྥེའི། ནང་འདྲེན་སྦི་རག་སོགས་མཁོ་འདོན་བྱས་པ་དང་། འཁོར་སྒྲོམ་ཟ་ཁང་གི་ཟུར་གཅིག་ཏུ་འགྲུལ་པར་དཔེ་དེབ་ཀློག་ས་བཙུགས་ནས་བྲིན་ཁ་རྒྱུག་པའི་བརྩམས་སྒྲུང་དང་རིག་གནས་ཡུལ་སྐོར་སོགས་ཀྱི་དེབ་བཀོད་སྒྲིག་བྱས་པ། ཟ་མ་བཟས་ཚར་རྗེས་འཁོར་སྒྲོམ་ཟ་ཁང་གིས་ད་དུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་གླུ་གཞས་འཁྲབ་སྟོན་བྱས་ཏེ་འགྲུལ་པར“བཟའ་བཏུང་དང་། རོལ་རྩེད། རིག་གནས”བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་ཞབས་ཞུ་ལོངས་སུ་སྤྱོད་དུ་བཅུག་ཡོད།
            གཞན་ཡང་མེ་འཁོར་ལ་ད་དུང་གཟུགས་པོ་བརྟག་དཔྱད་ཁང་བཙུགས་པ་མ་ཟད། གློག་རྡུལ་ཁྲག་ཤེད་ལྟ་ཆས་དང་། ཁྲག་རླུང་ཡོ་བྱད། གློག་རྡུལ་ལུས་དྲོད་དཔྱད་ཆས་སོགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པས། དགོས་མཁོ་ཡོད་མཁན་འགྲུལ་པས་གཟུགས་པོར་བརྟག་དཔྱད་བྱ་ཆོག མེ་འཁོར་གྱི་རྐུབ་བཀྱག་དཀྱུས་མར་ཀམ་པ་ལི་དང་། Uརིགས་ཀྱི་སྔས་མགོ ཁབ་སྐུད། རྒན་འཁོགས་ཀྱི་མིག་ཤེལ་སོགས་དམངས་ཕན་ཞབས་ཞུའི་དངོས་པོ་བཀོད་སྒྲིག་བྱས་ཡོད། ཚོང་དོན་ཉལ་ཁྲི་འབོལ་མའི་འཁོར་སྒྲོམ་ལ“གནས་མཇལ་བའི་སྐུར་ཡིག་འབྲི་ས”བཙུགས་ཡོད་པས་འགྲུལ་པས་ཡུལ་སྐོར་གྱི་སྤྲོ་སྣང་དང་གནས་མཇལ་གྱི་ཟིན་བྲིས་རྒྱག་ཆོག
    ༄༅།།བོད་ལྗོངས་སུ“ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན”གྱི་སྤུས་རྟགས་ཆེད་སྤྱོད་མེ་འཁོར་
ཐོག་མ་གཏོང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།