འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་ལོ་གོང་མིའི་དུས་མཚུངས་དང་
    བསྡུར་ན་24.3%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ཐོག་མངོན་པར་གཞིགས་ན། 2017ལོའི་ཟླ་དང་པོ་ནས་དྲུག་པའི་བར། རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་དཔལ་འབྱོར་གཉེར་སྐྱོང་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་དང་ཁེ་སྤོགས་རྒྱུན་མཐུད་ངང་ཅུང་མགྱོགས་པོ་འཕར་ནས་ཁེ་སྤོགས་འཕར་ཚད་ཡོང་འབབ་ལས་བརྒྱ་ཆའི་གྲངས་7.7མཐོ་བ་ཡོད་པ་དང་། ངར་ལྕགས་དང་མདོག་ལྡན་ལྕགས་རིགས་སོགས་ལོ་གོང་མའི་དུས་མཚུངས་ལ་མ་རྩ་ཆག་པའི་ལས་རིགས་ལའང་རྒྱུན་མཐུད་ཁེ་སྤོགས་ཐོབ་ཡོད་པ་རེད།
         ཟླ་དང་པོ་ནས་དྲུག་པའི་བར། གཞུང་ཁོངས་ཁེ་ལས་ཀྱི་སྤྱིའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་245802.9ཟིན་པ་དེ་དུས་མཚུངས་དང་བསྡུར་ན་16.6%འཕར་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་14072.3ཟིན་ནས་དུས་མཚུངས་དང་བསྡུར་ན་24.3%འཕར་བ། གཞུང་ཁོངས་ཁེ་ལས་ཀྱིས་འཇལ་འོས་པའི་ཁྲལ་དངུལ་སྒོར་དུང་ཕྱུར་20263.3ཟིན་ནས་དུས་མཚུངས་དང་བསྡུར་ན་9.7%འཕར་བ་བཅས་རེད།
         ལས་རིགས་གཙོ་བོའི་ཁེ་སྤོགས་ལ་བལྟས་ན། ཟླ་དང་པོ་ནས་དྲུག་པའི་བར། ངར་ལྕགས་དང་མདོག་ལྡན་ལྕགས་རིགས་སོགས་ལོ་གོང་མའི་དུས་མཚུངས་ལ་མ་རྩ་ཆག་པའི་ལས་རིགས་ལའང་རྒྱུན་མཐུད་ཁེ་སྤོགས་ཐོབ་པ་དང་། རྡོ་སོལ་དང་། རྡོ་སྣུམ་རྫས་འགྱུར། འགྲིམ་འགྲུལ་སོགས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་དང་བསྡུར་ན་འཕར་ཚད་ཅུང་མཐོ་བ་དང་། གློག་ཤུགས་སོགས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་དང་བསྡུར་ན་ཆག་ཚད་ཅུང་མཐོ་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།