འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་སྒང་དུ་འཚོ་བའི་ཁྲུང་ཁྲུང་སྐེ་ནག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཐོ་སྒང་དུ་འཚོ་བའི་ཁྲུང་ཁྲུང་སྐེ་ནག
           མི་དམངས་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པ་བོད་བྱང་ཐང་དུ་ཕྱིན་ནས་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བའི་ལམ་ཐིག་དེད་ནས་ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་བཏང་ནས་བྱ་ཕྲུག་རུམ་སྐྱེད་བྱེད་པའི་གོ་རིམ་པར་ལེན་བྱས་ཏེ་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་ཆ་རྐྱེན་ཞན་པའི་མཐོ་སྒང་གི་ཁོར་ཡུག་ཏུ་འཚོ་གནས་བྱེད་པའི་གོ་རིམ་ཡོངས་ཟིན་འགོད་བྱས་ཡོད་པ་རེད།
           ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཡིན་ལ། མཐོ་སྒང་དུ་འཚོ་བའི་དམིགས་བསལ་བྱ་རིགས་དང་འཛམ་གླིང་ཐོག་སྟོངས་ཉེན་ཆེ་བའི་སྲོག་ཆགས་རིགས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཇེ་ཆེར་ཕྱིན་ཡོད་སྟབས། ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁོར་ཡུག་ལེགས་སུ་སོང་ཡོད་པས། ལོ་ལྟར་ཁྲུང་ཁྲུང་སྐེ་ནག་འབོར་ཆེན་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱེ་འཕེལ་འཚོ་གནས་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།མཐོ་སྒང་དུ་འཚོ་བའི་ཁྲུང་ཁྲུང་སྐེ་ནག
      

    ཕྱོགས་བསྡུས་གསར་འགྱུར།