འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུས་རེས་སྐོར་གསར་པའི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་མི་སྤྱིའི་ལས་དོན་ལ་རོགས་
    སྐྱོར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་མི་སྤྱི་པུའུ་ཡིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གིས་མཚོ་སྔོན་གྱི་མི་སྤྱིའི་ལས་དོན་ལ་རོགས་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་6གི་མི་སྤྱི་སྡེ་ཚན་གྱི་ཚོགས་ཞུགས་འཐུས་མིས“ལོ་ལྔ་ཚན་བཅུ་གསུམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བྱེད་ཐབས་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་6གི་མི་སྤྱི་ཐིང་(ཅུས་) རོགས་སྐྱོར་བྱ་ཡུལ་ཀྲོའུ་དྲུག་གི་སྲིད་གཞུང་བཅས་ཕྱོགས་གསུམ་གྱིས་《ཁ་གཏད་རོགས་སྐྱོར་བྱེད་པའི་མི་སྤྱིའི་ལས་དོན་གྱི་གྲོས་མཐུན་ཡི་གེར་》མིང་རྟགས་བཀོད་པ་དེ་ཐོག་ནས་རེས་སྐོར་གསར་པའི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་མི་སྤྱིའི་ལས་དོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་མཚོན་ཡོད།
         མི་སྤྱི་པུའི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཐང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མི་སྤྱི་པུའུ་དང་ཁ་གཏད་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕྱོགས་བཞིའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དུ་དེ་བས་ཕུན་སུམ་ཚོགས་པོ་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་ལས་ཞུགས་ལས་དོན་གྱི་དོན་དངོས་གནས་ཚུལ་ལ་དམིགས་ནས་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་གཏོད་པ། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ལས་རིགས་རྩལ་ནུས་གསོ་སྦྱོང་དང་སྤྱི་པའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་ལ་རོགས་རམ་བྱས་ཏེ་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་རྒྱུ་དང་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་། ལས་ཁུངས་བྱ་གཞག་ཚན་པའི་རྒན་གསོ་རྒན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ཕྱོགས་ཡོངས་ནས་ལག་བསྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ། དམངས་ཡོངས་འགན་བཅོལ་ནང་ཞུཌ་པའི་འཆར་གཞི་དང་ལས་རྨས“གཅིག་མཚུངས་འཆར་གཞིར”སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་སྔར་བས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་ལེགས་པའི་སྤྱི་ཚོགས་འགན་ལེན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
         དེ་དང་ཆབས་ཅིག་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་ཤེས་བྱ་གསར་བརྗེས་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ། བོད་རིགས་ས་ཁུལ་གྱི་གཞུང་ཞབས་པ་གསོ་སྦྱོང་དང་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་བ། ཤེས་ལྡན་མི་སྣའི་གཙོ་གནད་རྣམ་གྲངས་བསྐྲུན་རྒྱུར་ཕྱོགས་པ། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་བསྡུར་ཚད་སྔར་བས་མང་དུ་གཏོང་བ། ལས་བྱེད་པ་བསྡུ་བའི་སྟབས་བསྟུན་གྱི་ཚད་གཞིར་བརྟེན་ནས་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་བོད་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་མི་སྤྱིའི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ“ལོ་ལྔ་ཚན་བཅུ་གསུམ”པའི་མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལ་རོགས་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཡག་པོ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་མི་སྤྱིའི་ཆ་འཕྲིན་ཅན་བསྐྲུན་རྒྱུར་རོགས་སྐྱོར་བྱས་ཏེ་ཐུན་མོང་ཐོག“ལོ་ལྔ་ཚན་བཅུ་གསུམ”པའི་ཁ་གཏད་རོགས་སྐྱོར་གྱི་འཆར་འགོད་ལག་བསྟར་བྱ་ཤུགས་ཆེ་རུ་བཏང་བ། མི་སྤྱིའི་ཁྱབ་ཁོངས་ཀྱི་རོགས་སྐྱོར་རྣམ་གྲངས་39“ལོ་ལྔ་ཚན་བཅུ་གསུམ”པའི་འཆར་འགོད་ནང་བཞག་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.33བཏང་བའི་ནང་ལས་ཞུགས་རྣམ་གྲངས་11ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་0.97བཏང་བ་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་རྣམ་གྲངས་28ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.36བཏང་བར་བརྟེན་མི་སྤྱིའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ལ་དེ་བས་ཕན་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།