འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཡུལ་ཤུལ་གྱི་དུས་ཆེན་གསུམ་མཉམ་དུ་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2017ལོའི་ཡུལ་ཤུལ་གྱི་དུས་ཆེན་གསུམ་མཉམ་དུ་གཏོང་འགོ་ཚུགས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། 2017ལོའི་ཡུལ་ཤུལ་གྱི་རྟ་རྒྱུག་དུས་ཆེན་དང་། གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་རིག་གནས་དུས་ཆེན་བཅས་མཉམ་གཅིག་ཏུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཀྲ་ཤིས་ཁོག་རྟ་རྒྱུག་ཐང་ཆེན་དུ་གཟབ་རྒྱས་ངང་གཏོང་འགོ་ཚུགས་པ་རེད། རྟ་རྒྱུག་དུས་ཆེན་དང་དུས་ཆེན་གཞན་པ་གཉིས་བཅས"དུས་ཆེན་གསུམ་མཉམ་གཅིག་ཏུ་གཏོང་བའི"བྱེད་སྒོ་རབ་དང་རིམ་པ་དག་ཚེས་28ཉིན་བར་སྤེལ་རྒྱུ་རེད།
            ཡུལ་ཤུལ་ནི་ས་རྒྱ་ཆེ་ལ་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཡུན་རིང་ལྡན་ཞིང་གཏིང་ཟབ་པ་དང་། རང་བྱུང་དང་མི་ཆོས་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡོད་པ་ཞིག་རེད། ཡུལ་ཤུལ་གྱི་རྟ་རྒྱུག་དུས་ཆེན་ནི་ས་གནས་དེ་གའི་ལོ་རེར་ཐེངས་རེ་གཏོང་བའི་དུས་སྟོན་བྱེད་སྒོ་གཟབ་རྒྱས་ཧ་ཅང་ཆེ་བ་ཞིག་ཡིན་ལ། ཡུལ་ཤུལ་གྱི་རིག་གནས་ཡུལ་སྐོར་སྣང་བརྙན་གསར་སྐྲུན་དང་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།2017ལོའི་ཡུལ་ཤུལ་གྱི་དུས་ཆེན་གསུམ་མཉམ་དུ་གཏོང་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།