འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་འོས་མི་ཡོངས་བསྒྲགས་ཀྱི་བརྡ་ཐོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་ཏེ། ཀུན་སྤྱོད་གོང་བཀུར་དང་སེམས་བཟང་ཅན་ལ་བློ་ཁ་ཕྱོགས་པ་དང་། སྤྱོད་ཡོན་གཉིས་ལྡན་ལ་ལྟ་བ། སྤྱོད་བཟང་དར་བ་བཅས་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། འདི་ལོ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། ཟླ་བ་ལྔ་པར་གཙོ་གཉེར་ཚན་པས་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོའི་སྒྲིག་འཛུགས་ཨུ་ལྷན་བཙུགས་ནས་དངོས་སུ་དཔྱད་འདེམས་བྱེད་སྒོ་སྤེལ་འགོ་ཚུགས་ཡོད། ཟླ་6ཚེས་30ཉིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་དང་། དེ་བཞིན་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་དཔྱད་འདེམས་དང་གཟེངས་བསྟོད་ཀྱི་ལག་བསྟར་བྱེད་ཐབས་གཞིར་བཟུང་། འབྲེལ་ཡོད་ལས་རིམ་ལེགས་སྒྲུབ་བྱས་ནས་རྒྱལ་ཡོངས་ཀྱི་བྱེད་སྒོའི་སྒྲིག་འཛུགས་ཨུ་ལྷན་ལ་འོས་མི་འོས་སྦྱོར་དང་གོང་ཞུ་བྱས་ཡོད། རྒྱལ་ཡོངས་ཀྱི་བྱེད་སྒོའི་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་ནན་ཏན་བྱས་པ་བརྒྱུད། སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་འོས་མི་ཁྱོན་322གཏན་འཁེལ་བྱས་པའི་ནང་གཞན་ཕན་བསྒྲུབ་རྒྱུར་དགའ་བའི་མི་སྣ་68དང་། བདེན་པའི་རྒྱབ་ལངས་བྱེད་མཁན་60 ཁ་དན་ཚིག་ཏུ་གནས་མཁན་62 ལས་བཀུར་ལེགས་སྐྱེས་འབུལ་མཁན་68 རྒན་བཀུར་གཉེན་གཅེས་མཁན་64བཅས་ཡོད།
               དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་འོས་མིའི་བྱས་རྗེས”ཀྱི་ཆེད་དོན་སྒྲིག་པར་ངོས་བཏོན་ནས་བོད་རིགས་ཀྱི་འོས་མིའི་པར་དང་། གཞི་རྩའི་གནས་ཚུལ། བྱས་རྗེས་ངོ་སྤྲོད་མདོར་བསྡུར་བཅས་གཅིག་སྡུད་ཐོག་འགོད་རྒྱུ་ཡིན། 
               ཡོངས་བསྒྲགས་བྱེད་རིང་སྤྱི་ཚོགས་ལས་རིགས་ཁག་གིས་འོས་མིའི་བྱས་རྗེས་ཤེས་རྟོགས་དང་སློབ་སྦྱོང་བྱ་རྒྱུ་དང་། དངོས་ཐོག་བདེན་འཚོལ་དང་ལུགས་མཐུན་གཞུང་དྲང་ངང་དཔྱད་མོལ་དང་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། གལ་སྲིད་འོས་མིར་བསམ་འཆར་ཡོད་ཚེ་རྒྱལ་ཡོངས་བྱེད་སྒོའི་སྒྲིག་འཛུགས་ཨུ་ལྷན་གཞུང་དོན་ཁང་ལ་འདོན་རོགས། ཚན་པའི་མིང་ཐོག་ནས་བསམ་འཆར་བཏོན་ཚེ་ཚན་པ་དེ་གའི་གཞུང་ཐེལ་རྒྱག་དགོས། སྒེར་གྱི་མིང་ཐོག་ནས་བསམ་འཆར་བཏོན་ཚེ་མིང་དངོས་འགོད་དགོས་པ་མ་ཟད། ད་དུང་ཞིབ་ཕྲའི་འབྲེལ་གཏུག་བྱེད་སྟངས་ཀྱང་མཁོ་འདོན་བྱེད་དགོས།
             གློག་རྡུལ་ཡིག་སྒམ། qgddmfpx2017@163.com
             ཁ་པར།(བརྙན་སྐྱེལ) 010-66025536
              འདི་ག་ཚགས་པར་གྱི་རྩོམ་སྒྲིག་པུའུ་ཡིས།
               2017ལོའི་ཟླ་7ཚེས་28ཉིན།
      

    ཕྱོགས་བསྡུས་གསར་འགྱུར།