འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་འགྲེམས་སྟོན་
    ལྷ་སར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་26ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་འགྲེམས་སྟོན་
ལྷ་སར་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན་གྱི་སྔ་དྲོར། 2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་སྤུར་རྒྱལ་ཤེས་དཔལ་འགྲེམས་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཤོམ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་ཡུན་ནི་ཟླ་7ཚེས་29ཉིན་བར་ཡིན་པ་རེད།
           ཐེངས་འདིའི་ཤེས་དཔལ་འགྲེམས་སྟོན་དུ"སྤུར་རྒྱལ་གྱི་རྒྱལ་ས་རྙིང་པ་མཛེས་སྡུག་ལྡན་པའི་འཕྱོངས་རྒྱས"ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་འཕྱོངས་རྒྱས་ཀྱི་རིག་དངོས་གནའ་ཤུལ་དང་། མངོན་མིན་རིག་གནས་ཤུལ་བཞག་གླུ་གར། མི་རིགས་ལག་རྩལ། ཞིང་ཕྱུགས་ཐོན་རྫས་བཅས་ཀྱི་ཁྱད་ཆོས་ལྡན་པའི་བཟང་ཆ་སྤུར་རྒྱལ་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ནས་ལག་ཤེས་བཟོ་རྩལ་འགྲེམས་སྟོན་དང་དངོས་རྫས་འགྲེམས་སྟོན་བྱས་པ་རེད།
          ཐེངས་འདིའི་བྱེད་སྒོར་ད་དུང་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་གདན་འདྲེན་ཞུས་ཏེ"སྤུར་རྒྱལ་སྙན་ངག་མཁན་པོའི་མཚན་སྙན"རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་མཚན་སྙན་ཐོབ་པའི་བརྩམས་ཆོས་དག་ཡིག་གཟུགས་རྒྱས་པར་བཀྲོལ་བའི་ནང་དོན་བྱས་ནས་སྤུར་རྒྱལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་རྫོགས་མཐའ་མེད་པ་འགྲེམས་སྟོན་བྱས་ཏེ་བོད་མི་རིགས་ཀྱི་ཁྱད་ཆོས་ཐུན་མིན་ལྡན་པའི་ཐང་ག་འབྲི་བཞེངས་སྒྱུ་རྩལ་དང་བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་ཟུང་དུ་སྦྲེལ་ནས་ས་གནས་རིག་གནས་ཀྱི་སྤུས་རྟགས་གྲགས་ཅན་གྱི་བག་ཆགས་འཇོག་ནུས་ཇེ་ཆེར་བཏང་སྟེ་ཕྱོགས་ཡོངས་ནས"སྟོབས་འབྱོར་མངའ་ཐང་རྒྱས་ལ་ཞི་མཐུན་མཛེས་སྡུག་ལྡན་པའི"འཕྱོངས་རྒྱས་གསར་པ་འཛུགས་སྐྲུན་བྱ་རྒྱུ་རེད།
    ༄༅།།2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་འགྲེམས་སྟོན་
ལྷ་སར་འགོ་ཚུགས་པ།
    ༄༅།།2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་འགྲེམས་སྟོན་
ལྷ་སར་འགོ་ཚུགས་པ།
    ༄༅།།2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་འགྲེམས་སྟོན་
ལྷ་སར་འགོ་ཚུགས་པ།
    ༄༅།།2017ལོའི་བོད་ལྗོངས་འཕྱོངས་རྒྱས་སྤུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་འགྲེམས་སྟོན་
ལྷ་སར་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།