འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད"ཅེས་པའི་བྱེད་སྒོ་
    སུའུ་ཀེ་ལན་དུ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད'ཅེས་པའི་བྱེད་སྒོ་
སུའུ་ཀེ་ལན་དུ་སྤེལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན“ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད”ཅེས་པའི་བྱེད་སྒོ་སུའུ་ཀེ་ལེན་གྱི་ལྟེ་བའི་གྲོང་ཁྱེར་ཨའེ་ཏིང་པའོ་རུ་སྤེལ་བ་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་དང་། པར་རིས་འགྲེམས་སྟོན། གླུ་གར་འཁྲབ་སྟོན་སོགས་བྱས་ནས་ཀྲུང་གོའི་ནུབ་རྒྱུད་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་འཕེལ་རྒྱས་འགྱུར་ལྡོག་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད།
            ཨའེ་ཏིང་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཧྥན་ཤིན་ཁྲུན་གྱིས་བྱེད་སྒོའི་སྣེ་ལེན་ཚོགས་འདུའི་ཐོག་ཀྲུང་གོའི་ནུབ་རྒྱུད་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་གལ་ཆེན་རེད། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ད་ཆ“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།
           ཁོང་གིས་ད་ཐེངས་ཀྱི་རིག་གནས་བྱེད་སྒོས་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་རིག་གནས་མངོན་པ་བྱ་རྒྱུ་མ་ཟད། ཀྲུང་གོ་དང་སུའུ་ཀེ་ལན་གྱི་མཛའ་གྲོགས་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ལུའུ་ཀོང་ཅིན་གྱིས་རིག་གནས་བྱེད་སྒོའི་ཐོག་ད་བར་རྒྱུན་འཁྱོངས་བྱུང་བའི་ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲོལ་རྒྱུན་དང་དེ་བཞིན་ནུབ་རྒྱུད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་མངོན་ཡོད་ཅེས་བཤད།
          སུའུ་ཀེ་ལན་སྲིད་གཞུང་གི་རྒྱལ་སྤྱི་སིའི་སི་ཀྲང་གཞོན་པ་ཐའེ་ཨེན་ཐེ་ཝུན་གྱིས“རྒྱུད་གཅིག་ལམ་གཅིག”གིས་ཀྲུང་གོའི་ནུབ་རྒྱུད་ལ་གོ་སྐབས་མང་པོ་འཕྲད་རྒྱུ་དང་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་ཉམས་འགྱུར་མཐོང་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།
           དེ་ཉིན་སུའུ་ཀེ་ལན་གྱི་ལས་རིགས་ཁག་གི་མི་སྣ་600“སྣ་མང་ཕུན་སུམ་ཚོགས་པའི་ནུབ་རྒྱུད”དེ་ཀྲུང་གོའི་ནུབ་རྒྱུད་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་འབྲེལ“མཚམས་སྤྲིན་ཕུགས་འདུན”ཞེས་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་མི་རིགས་གླུ་གར་འཁྲབ་སྟོན་ལ་བལྟས་པ་རེད།
           བྱེད་སྒོའི་ནང་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཨའེ་ཏིང་པའོ་རྒྱལ་པོ་ཚང་གི་རིག་ཚོགས་དང་། ཨེ་ཤེ་ཡ་དང་སུའུ་ཀེ་ལན་གྱི་མཐུན་ཚོགས། སུའུ་ཀེ་ལན་དང་ཀྲུང་གོའི་མཐུན་ཚོགས། ཨའེ་ཏིང་པའོ་སློབ་ཆེན་སོགས་སྒྲིག་གཞིའི་རིགས་གཅིག་མཁས་ཅན་ནམ་མཁས་དབང་40དང་ཀྲུང་གོའི་མཛའ་གྲོགས་མི་སྣ་ཆེད་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང“རྒྱུད་གཅིག་ལམ་གཅིག”གིས་བོད་ལ་འཕྲད་པའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ངོ་སྤྲོད་བྱས་པར་བརྟེན། ཚོགས་ཞུགས་མི་སྣས་དོ་ཁུར་ཆེན་པོ་བྱས་པ་དང་འབྲེལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
           “ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་བྱ་སྤྱོད”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཕྱི་ཕྱོགས་ལ་ཀྲུང་གོའི་རིག་གནས་བརྒྱུད་བསྒྲགས་བྱ་ཆེད་གཏོད་པའི་སྤུས་རྟགས་ཤིག་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། ཟླ་7ཚེས་20ནས་26ཉིན་བར་དབྱིན་ཇིའི་ལོན་ཏོན་དང་། ཨའེ་ཏིང་པའོ། མན་ཁྲེ་སི་ཐའེ་བཅས་གྲོང་ཁྱེར་གསུམ་དུ་གླུ་གར་འཁྲབ་སྟོན་དང་། དཔེ་དེབ་པར་རིས་འགྲེམས་སྟོན། གློག་བརྙན་སྟོན་པ། རིགས་གཅིག་མཁས་ཅན་དབར་སྤེལ་རེས་སོགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་རྒྱུ་རེད།
    ༄༅།།'ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད'ཅེས་པའི་བྱེད་སྒོ་
སུའུ་ཀེ་ལན་དུ་སྤེལ་བ།
    ༄༅།།'ཀྲུང་གོ་ཤེས་ཚོར་བྱེད། ཀྲུང་གོའི་ནུབ་རྒྱུད་རིག་གནས་དབྱིན་ཇིར་སྐྱོད'ཅེས་པའི་བྱེད་སྒོ་
སུའུ་ཀེ་ལན་དུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།