འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་
    མཚམས་11པར་གནམ་གཤིས་ཀྱི་དབང་གིས་ལམ་བར་ནས་འགྲན་མཚམས་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་
མཚམས་11པར་གནམ་གཤིས་ཀྱི་དབང་གིས་ལམ་བར་ནས་འགྲན་མཚམས་བཞག་པ།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་27ཉིན། མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་མཚམས་11པའི་(ཐེན་ཧྲུའུ་ནས་ཕིང་ལིའང་བར)ལམ་ཐག་སྤྱི་ལེ་158དུ་འགྲན་བཞིན་པའི་སྐབས་སུ་གནམ་གཤིས་འགྱུར་ལྡོག་བྱུང་ནས་གློ་བུར་དུ་དྲག་ཆར་བབས་ཏེ་ལམ་ངོས་སུ་ཆུ་འཁྱིལ་བ་དང་། འགྲན་ལམ་འདྲེད་པ་བཅས་འགྲན་བསྡུར་བྱེད་མི་འོས་པར་གྱུར་པས། མཚོ་སྔོན་པོར་སྐོར་བའི་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་དང་། ཤན་འབྱེད་པ་ཚོགས་པ། ལུས་རྩལ་པའི་འཐུས་ཚབ་བཅས་ཀྱིས་ཞིབ་འཇུག་བྱས་པ་མ་ཟད། UCIཡི་འབྲེལ་ཡོད་གཏན་འབེབས་ཀྱི་དོན་ཚན་ལ་གཞིགས་ནས་འགྲན་བསྡུར་བྱེད་མཚམས་བཞག་པ་དང་། དེའི་རྗེས་སུ་ཤན་འབྱེད་པ་ཚོགས་པས་འགྲན་མཚམས་འདིའི་སྐར་འབྲས་རྩིས་རྒྱག་བྱེད་ཐབས་གྲོས་བསྡུར་སྔར་ལས་ཞིབ་ཕྲ་བྱ་རྒྱུ་ཡིན་པ་མ་ཟད། འགྲན་བསྡུར་ཁྲོད་རྨས་སྐྱོན་ཕོག་ཚུལ་ཞིབ་བསྡུར་ཡང་བྱ་རྒྱུ་རེད།
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་
མཚམས་11པར་གནམ་གཤིས་ཀྱི་དབང་གིས་ལམ་བར་ནས་འགྲན་མཚམས་བཞག་པ།
    ༄༅།།མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་
མཚམས་11པར་གནམ་གཤིས་ཀྱི་དབང་གིས་ལམ་བར་ནས་འགྲན་མཚམས་བཞག་པ།
      

    ཕྱོགས་བསྡུས་གསར་འགྱུར།