འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་བོད་རིགས་ས་ཁུལ་གྱི“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”གིས་ཞིང་འབྲོག་མང་ཚོགས་ཕྱུག་
    འགྱུར་ཡོང་རྒྱུར་རམ་འདེགས་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་20ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཀླུ་ཆུ་རྫོང་མཚོ་ཉིན་ཤང་ཀ་ཤུལ་གྲོང་ཚོ་ཡིན་པ།
    ཀླུ་ཆུ་རྫོང་མཚོ་ཉིན་ཤང་ཀ་ཤུལ་གྲོང་ཚོ་ཡིན་པ།
           མི་དམངས་དྲ་བའི་འཕྲིན། འདི་ལོ་ཚུན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་མོང་མིན་པའི་སྣོད་བཅུད་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་ཡུལ་སྐོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་འདུ་འགོད་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་གདོད་མའི་རྣམ་པའི་གྲོང་གསེབ་ཀྱི་ཉམས་འགྱུར་རྒྱུན་འཁྱོངས་བྱ་རྒྱུར་མཐོང་ཆེན་བྱེད་པའི་རྨང་གཞིའི་ཐོག  སྔར་ཡོད་ཀྱི་ཞིང་འབྲོག་པའི་གཏན་འཇགས་ཁུལ་མཛེས་ལྗོངས་ཁུལ་དུ་བསྒྱུར་ནས་ཀ་ཤུལ་དང་། ཤིང་སྒོ། བྲག་སྒམ་ནང་སོགས་བོད་ཀྱི་རིག་གནས་ཁྱད་ཆོས་ཟབ་མོ་ལྡན་པའི་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་བརྒྱ་ཙམ་སྐྲུན་ཏེ། ཞིང་འབྲོག་མང་ཚོགས་ལ“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”གི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པ་རེད།
    ཀ་ཤུལ་གྲོང་ཚོར་ལྟ་སྐོར་བྱེད་བཞིན་པ།
    ཀ་ཤུལ་གྲོང་ཚོར་ལྟ་སྐོར་བྱེད་བཞིན་པ།
    “འབྲོག་ཁྱིམ་སྤྲོ་སྐྱིད་ཁང”ཞིག་གི་སྦྱིན་བདག་མ་ཡིས་མགྲོན་པོ་སྣེ་ལེན་བྱེད་པ།
    “འབྲོག་ཁྱིམ་སྤྲོ་སྐྱིད་ཁང”ཞིག་གི་སྦྱིན་བདག་མ་ཡིས་མགྲོན་པོ་སྣེ་ལེན་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།