འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཞི་ཞིང་ཆེན་ཡུས་ལིན་དུ་བྱུང་བའི"7·26"ཆུ་ལོག་གནོད་འཚེ་ལས་མི་6རྐྱེན་
    ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྲའན་ཞི་ཞིང་ཆེན་ཡུས་ལིན་དུ་བྱུང་བའི'7·26'ཆུ་ལོག་གནོད་འཚེ་ལས་མི་6རྐྱེན་
ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧྲའན་ཞི་ཞིང་ཆེན་ཆུ་ལོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཙི་ཀྲོའུ་རྫོང་འབྲུབ་འགོག་ཉེན་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་7ཚེས་27ཉིན་གྱི་ཆུ་ཚོད་13:00བར་དུ། ཡུས་ལིན་དུ་བྱུང་བའི"7·26"དྲག་ཆར་ཆུ་ལོག་གནོད་འཚེ་ལས་མི་6རྐྱེན་ལམ་དུ་ཤོར་བ་དང་། སུའེ་ཏེ་རྫོང་དུ་ཆུ་ལོག་གནོད་འཚེ་ལས་མི་4རྐྱེན་ལམ་དུ་ཤོར་བ། ཙི་ཀྲོའུ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་བསྡུར་བྱས་པ་ལས། རྫོང་དེར་མི་2རྐྱེན་ལམ་དུ་ཤོར་བ་དང་གཞན་མི་3གར་སོང་ཆ་མེད་དུ་གྱུར་པ་ངོས་འཛིན་ངེས་གཏན་བྱས་པ་རེད།
        འགྲིམ་འགྲུལ་དང་འཕྲིན་བརྡ་ཤར་གཏོང་མི་ཐུབ་པའི་རྐྱེན་གྱིས་འཚོལ་སྐྱོབ་ཀྱི་གོ་སྐབས་མི་ཤོར་བར་བྱ་ཆེད། ཙི་ཀྲོའུ་རྫོང་འབྲུབ་འགོག་ཉེན་སེལ་བཀོད་འདོམས་པུའུ་ཡིས་འཚོལ་སྐྱོབ་ཚོགས་ཆུང་3མངགས་ནས་རྫོང་དེར་དུད་ཚང་རེ་རེ་བཞིན་མཐིལ་རྟོགས་གྲལ་བཤེར་བྱེད་བཞིན་ཡོད་པ་དང་། དུས་མཚུངས་སུ་ཤང་དང་གྲོང་རྡལ་ཁག་ལ་བརྡ་ཐོ་བཏང་ནས་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་ལས་དོན་སྤེལ་ནས་དུས་ཐོག་ཏུ་ཆུ་ལོག་ལས་འགགས་པ་དང་། གར་སོང་ཆ་མེད་གྱུར་པ། རྐྱེན་ལམ་དུ་ཤོར་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 
         ཐོག་མའི་བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་25ཉིན་གྱི་དགོང་མོ་ནས་ཚེས་26ཉིན་བར་དུ་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཡུས་དབྱང་དང་། ཙི་ཀྲོའུ། སུའེ་ཏེ་བཅས་རྫོང་3ལ་དྲག་ཆར་བབས་པ་ལས་མི་ཁྲི་5.8ལ་གནོད་འཚེ་ཕོག་པ་དང་། མི་ཁྲི་7.13ཕྱིར་འཐེན་གནས་སྤོ་བྱས་པ་དང་། ཙི་ཀྲོའུ་རྫོང་ཆིང་ཧྲུའེ་ཀོའུ་ཆུ་མཛོད་ཀྱི་ཆུ་རྒྱས་ཏེ་རགས་ཁ་ཤོར་ནས་མི་ཁྲི་4.5ལ་འཐུང་ཆུའི་དཀའ་ངལ་བཟོས་པ་རེད། ལོ་ཏོག་ལ་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྤྱི་ཆིང་2216.2ཟིན་པ་དང་། ཙི་ཀྲོའུ་དང་སུའེ་ཏེ་རྫོང་མཁར་ལ་ཆུ་རྒྱ་ཆེན་པོ་བསགས་པས། ཟམ་པ་དང་། བགྲོད་ལམ། གློག་ཤུགས ཆུ་མཁོ་འདོན་བཅས་ཁ་ཤས་ཆད་པ། ཡུས་སུའེ་མྱུར་བགྲོད་གཞུང་དང་ཆིང་དབྱིང་མྱུར་བགྲོད་གཞུང་ལམ། དེ་བཞིན་རྒྱལ་ཁབ་རིམ་པའི་གཞུང་ལམ་210དང་307གནས་སྐབས་ཆད་པ་རེད།
         ཧྲའན་ཞི་ཞིང་ཆེན་གནམ་གཤིས་བརྟག་དཔྱད་དང་ཆུ་དཔྱད་སྡེ་ཁག་གིས་དབྱེ་ཞིབ་སྔོན་དཔག་བྱས་པར་གཞིགས་ན། ཧྲའན་ཞི་ཞིང་ཆེན་སུའེ་ཏེ་རྫོང་དང་། ཙི་ཀྲོའུ་རྫོང་། ཆིང་ཅན་རྫོང་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ད་དུང་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དྲག་ཆར་འབབ་ཡུན་ནི་ཚེས་29ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པས། ཆུ་ལོག་གནོད་འཚེ་འགོག་པའི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་རེད།
    ༄༅།།ཧྲའན་ཞི་ཞིང་ཆེན་ཡུས་ལིན་དུ་བྱུང་བའི'7·26'ཆུ་ལོག་གནོད་འཚེ་ལས་མི་6རྐྱེན་
ལམ་དུ་ཤོར་བ།
    ༄༅།།ཧྲའན་ཞི་ཞིང་ཆེན་ཡུས་ལིན་དུ་བྱུང་བའི'7·26'ཆུ་ལོག་གནོད་འཚེ་ལས་མི་6རྐྱེན་
ལམ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།