འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིགས་གཅིག་མཁས་ཅན་སྤེལ་རེས་ཚོགས་པས་ཨིར་ལན་དུ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་ཤེས་ཚོར་བྱེད——ཀྲུང་གོའི་ནུབ་རྒྱུད་རིག་གནས་ཨིར་ལན་དུ་དྲིལ་བསྒྲགས་བྱེད”ཅེས་པའི་བྱེད་སྒོའི་གྲུབ་ཆ་ཞིག་ཡིན་པའི་ཀྲུང་གོའི་བོད་ཀྱི་རིགས་གཅིག་མཁས་ཅན་སྤེལ་རེས་ཚོགས་པས་ཚེས་24དང་25ཉིན་ཨིར་ལན་གྱི་ཕྱི་འབྲེལ་ཉོ་ཚོང་པུའུ་དང་། ཏུ་པོ་ལིན་སློབ་ཆེན་ཁུང་ཙེ་སློབ་གླིང་དང་དེ་བཞིན་ས་གནས་དེ་གའི་གྲགས་ཅན་ཇུས་འདོན་ཚོགས་པའི་རྒྱལ་སྤྱི་དང་ཡོ་རོབ་ལས་དོན་ཞིབ་འཇུག་སུའོ་བཅས་སུ་འཚམས་འདྲི་བྱས་ནས་བོད་ལྗོངས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཞུགས་པ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བརྗོད་གཞིའི་ཐད་ས་གནས་དེ་གའི་དཔོན་རིགས་དང་། དགེ་རྒན། རིགས་གཅིག་མཁས་ཅན་ནམ་མཁས་དབང་བཅས་དང་སྤེལ་རེས་བྱས་པ་རེད།
           སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་བོད་ཀྱི་རིགས་གཅིག་མཁས་ཅན་ཚོས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ཀྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བྱིན་ཡོད། བོད་ཀྱིས་འཐབ་ཇུས་དེར་རང་འགུལ་ངང་ཞུགས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་འབྱེད་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང་དུས་མཚུངས། ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་ཉོ་ཚོང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་གཉིས་ཁེའི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།
          རིགས་གཅིག་མཁས་ཅན་ཚོས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད། 2016ལོར་བོད་ཀྱི་དཔལ་འབྱོར་འཕར་ཚད་ལོ་24བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། བོད་ལ་འཕེལ་རྒྱས་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས་མི་རིགས་ལག་ཤེས་བཟོ་ལས་དང་། ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། རང་བྱུང་འཐུང་ཆུ་དང་ཡུལ་སྐོར་ལས་རིགས་སོགས་ལ་ལེགས་ཆ་མངོན་གསལ་དོད་པོ་ཡོད་ཅེས་བརྗོད།
          བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བརྗོད་གཞིའི་སྐོར་གླེང་སྐབས་རིགས་གཅིག་མཁས་ཅན་ཚོས་བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐའ་ཚད་དུ་བརྩིས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་གྱི་ཡོད་ཅེས་བརྗོད།
          སྤེལ་རེས་ཚོགས་འདུའི་ཐོག་ཕྱོགས་གཉིས་པོས་གླེང་མོལ་ཧུར་ཐག་གནང་བས་རྣམ་པ་འཁྲུག་པོ་ཞིག་ཡོད་ཅིང་། ས་གནས་དེ་གའི་དཔོན་རིགས་དང་། མཐོ་སློབ་ཀྱི་དགེ་སློབ། ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་ནམ་མཁས་དབང་བཅས་ཀྱིས་བོད་ཀྱི་རིགས་གཅིག་མཁས་ཅན་ཚོས་ངོ་སྤྲོད་གནང་བ་བརྒྱུད་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གནས་ཚུལ་ངོ་མ་ཤེས་ནས་དགའ་ཚོར་ཆེན་པོ་བྱུང་ཞེས་བརྗོད་པ་དང་། ཁོང་ཚོས“རྒྱུད་གཅིག་ལམ་གཅིག”ནི་འཛམ་གླིང་གི་དོན་སྙིང་ལྡན་པའི་རླབས་ཆེའི་གྲོས་འགོ་ཞིག་རེད། ཨིར་ལན་གྱིས་བོད་ལྗོངས་དང་མཉམ་དུ་ཞིང་ལས་དང་། ཡུལ་སྐོར། ཆུའི་ཐོན་ཁུངས་བེད་སྤྱོད་སོགས་ཀྱི་ཐད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་གཉིས་ཁེའི་དམིགས་ཚད་མངོན་འགྱུར་བྱེད་འདོད་ཡོད་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།