འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཐང་དབུལ་སྐྱོར་གྱི་སྤྱི་ཕན་ཞལ་འདེབས་ལ་མིང་རྟགས་འགོད་པའི་མཛད་སྒོ་པེ་ཅིང་
    དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བདེ་ཐང་དབུལ་སྐྱོར་གྱི་ཆེད་དོན་མ་དངུལ་གྱི་སྤྱི་ཕན་ཞལ་འདེབས་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་བདེ་ཐང་དབུལ་སྐྱོར་གྱི་སྤྱི་ཕན་ཞལ་འདེབས་ནང་ཀྲེ་ཅང་སྔོ་ལྗང་ལས་རིགས་འོད་ཤུགས་ཚན་རྩལ་ཚད་ཡོད་ཀུང་སི་དང་པེ་ཅིང་རེན་རེན་ཀྲུང་ཁོའོ་སྨན་རྫས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་གཅེས་སེམས་ཁེ་ལས་19ཞུགས་ཡོད་པ་དང་ཞལ་འདེབས་བརྒྱབ་པའི་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ཁྲི་བདུན་བརྒྱ་དེ་དག་ཀན་སུའུ་ཡི་ཀ་ཀྲོའུ་དང་། ཧའེ་པེའི་ལི་ཁྲོན། ཧྲན་ཏུང་གི་ལིན་མུའུ་སོགས་རྫོང་107དུ་1+Xགསོ་རིག་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་གཅོང་ནད་བཅོས་པའི་ཕྱོགས་བསྡུས་བདེ་ཐང་དབུལ་སྐྱོར་རྣམ་གྲངས་ཐད་སྤྱོད་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་སྐུལ་འདེད་གཅོང་ནད་ཆེད་དོན་ཐེབས་རྩ་དོ་དམ་ཨུ་ལྷན་ནི་གཅོང་ནད་འགོག་བཅོས་ལ་རོགས་སྐྱོར་བྱེད་མཁན་ཆེད་དོན་སྤྱི་ཕན་སྒྲིག་གཞི་ཞིག་ཡིན་པ་དང་གཙོ་བོ་ནད་རིགས་མང་པོ་དང་། ནད་དཔེ་ཆེ་གྲས། ལྟེ་གནས་མང་པོ་བཅས་ཀྱི་1+Xགསོ་རིག་གི་བྱེད་ཐབས་ཐོག་ནས་གཅོང་ནད་བཅོས་པ་དང་ནད་རྟགས་ལྟ་ཞིབ་ཀྱི་བདེ་ཐང་དབུལ་སྐྱོར་དང་གཅོང་ནད་འགོག་བཅོས་ཀྱི་རྣམ་གྲངས་ལ་རོགས་སྐྱོར་བྱེད་པ་མ་ཟད་སྤྱི་ཕན་ལ་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།