འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཁོ་སི་ཐ་རི་ཡས་ཐུན་མོང་ཐོག་གླེང་སྟེགས་གཉེར་ནས་དཔལ་འབྱོར་ཚོང་དོན་གྱི་
    མཉམ་ལས་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་28ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན། ཀྲུང་གོ་དང་ཁོ་སི་ཐ་རི་ཡའི་ཚོང་དོན་དང་མ་འཇོག་གླེང་སྟེགས་ཁོ་སི་ཐ་རི་ཡའི་རྒྱལ་ས་སན་ཅོ་སིར་གཉེར་ཞིང་། ཁོ་སི་ཐ་རི་ཡའི་ཁྲིམས་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཀོང་སེ་ལོ·ལཱ་སྨི་ལུའོ་སི་དང་། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་ཅང་ཙེང་ཝུའེ། ཁོ་སི་ཐ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐང་ཧེང་སོགས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་དཔོན་རིགས་དང་ཁེ་ལས་མཁས་པ་དང་དེ་བཞིན་ཚོང་ཚོགས་དང་མཐུན་ཚོགས་ཀྱི་འགན་འཁུར་བ་བྱེད་སྒོར་ཞུགས་ཡོད།
          ལཱ་སྨི་ལུའོ་སིས་ཤིས་ཚིག་ནང་ཚོང་དོན་ཆུ་ཚད་དང་ཚོང་ལས་ཀྱི་ཁེ་ཕན་མཐོ་རུ་གཏོང་བའི་ཐད་ཁོ་སི་ཐ་རི་ཡ་དང་ཀྲུང་གོར་གོ་སྐབས་གལ་ཆེན་འཕྲད་ཡོད། དེས་ཕྱོགས་གཉིས་པོའི་ཚོང་ལས་ཀྱི་རིག་ནུས་དང་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་འཐབ་ཇུས་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད་ཅེས་བཤད།
            ཅང་ཙེང་ཝུའེ་ཡིས་ཀྲུང་གོ་དང་ཁོ་སི་ཐ་རི་ཡའི་ཐོན་ཁུངས་ཀྱི་ལེགས་ཆ་མི་འདྲ་བ་དང་དཔལ་འབྱོར་གྱི་གསབ་རེས་རང་བཞིན་ཆེ་བས་ཕྱོགས་གཉིས་པོའི་མཉམ་ལས་ལ་གཏིང་ཤུགས་ཆེན་པོ་ལྡན་ཡོད་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡང་ཡངས་པོ་ཡོད། ཀྲུང་གོ་བསྟུད་མར་ལོ་འགའ་ཤས་རིང་ཁོ་སི་ཐ་རི་ཡའི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པར་གྱུར་ཡོད། ཀྲུང་གོའི་ཆ་ལག་ཚང་བའི་ཐོན་ལས་མ་ལག་དང་། ཕུན་སུམ་ཚོགས་པའི་ཐོན་ནུས། རྒྱ་ཆེ་བའི་ཁྲོམ་ར་བཅས་ལས་ཁོ་སི་ཐ་རི་ཡ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་ཚོང་དོན་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་ཐུབ་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།