འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲེ་ཅང་ལིན་ཨན་པའེ་ཧྲ་གྲོང་ཚོའི་ཞིང་ཁྱིམ་གྱི་སྔོ་ཞིང་དྭངས་པའི་རི་ཆུས་ཚ་གཡོལ་དཔལ་
    འབྱོར་ལ་གསོན་ཤུགས་སྦྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན་ནི་དུས་ཚིགས་ཉེར་བཞིའི་ནང་གི“ཚ་བ་ཆེ་ཤོས”ཀྱི་ཉིན་མོ་ཡིན་པ་དང་། ཧང་ཀྲོའུ་རུ་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་40ལ་སླེབས་ཀྱི་ཡོད། འོན་ཀྱང“ཐའེ་ཧུའུ་མཚེའུ་ཡི་ཆུ་འགོའི་གྲོང་ཚོ་དང་པོར་གྲགས་པའི”ཀྲེ་ཅང་ཞིང་ཆེན་ལིན་ཨན་གྲོང་ཁྱེར་ཐའེ་ཧུའུ་ཡོན་གྲོང་རྡལ་པའེ་ཧྲ་གྲོང་ཚོར་བསིལ་ཞིང་ཡིད་དབང་འཕྲོག་པའི་རྣམ་པས་ཁེངས་ཡོད་པ་རེད། ཧྲེ་ཧྲི་ཏུའུ་26ལས་མེད་པའི་དབྱར་དུས་ཀྱི་ཆ་སྙོམས་དྲོད་ཚད་ལ་བརྟེན་ཏེ་གྲོང་ཚོ་དེས་ཉེ་བའི་ལོ་ཤས་རིང་ཞིང་ཁྱིམ་ཞག་སྡོད་ཉལ་ཁྲི་ཁྲི་1ལྷག་ཙམ་སྔ་རྗེས་སུ་མང་དུ་བཏང་སྟེ་ཧྲང་ཧའེ་དང་ཧང་ཀྲོའུ་སོགས་འབྲི་ཆུའི་ཟུར་གསུམ་གླིང་གྲོང་ཁྱེར་གྱི་གྲོང་མི་ཚ་གཡོལ་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
         པའེ་ཧྲ་གྲོང་ཚོ་དེ་ལིན་ཨན་ནུབ་བྱང་གི་རི་ཁུག་ཏུ་གནས་པ་དང་དེར་ནགས་ཚལ་མུའུ་4500ལྷག་ཙམ་ཡོད། གྲོང་མིས་དེ་སྔ་དུས་ཡུན་རིང་པོར“རི་ནས་ཤིང་གཅོད་པའི”སྲོལ་རྒྱུན་ནགས་ལས་ཐོན་སྐྱེད་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཉེ་བའི་ལོ་ཤས་རིང་ཀྲེ་ཅང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་བྱས་པས། པའེ་ཧྲ་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་ལ་སྐུལ་འདེད་ཐེབས་ནས། ད་ཆ་གྲོང་ཚོ་དེ་ཡོངས་སུ་ཞིང་ཁྱིམ་200ལྷག་ཙམ་དང་ངལ་རྩོལ་ནུས་ཤུགས་90%ཡན་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུགས་ཡོད་པ་རེད། དེ་དང་ཆབས་ཅིག་པའེ་ཧྲ་གྲོང་ཚོས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་རྒྱབ་ཏུ་རི་དང་མདུན་ལ་ཆུ་ཡོད་པའི་སྣོད་བཅུད་བཟང་བའི་ཁོར་ཡུག་གི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དེ་ཚ་གཡོལ་དཔལ་འབྱོར་དང་རྒན་གསོའི་དཔལ་འབྱོར་སོགས་ལས་རིགས་གསར་པའི་ཕྱོགས་སུ་སྣུར་སྲིང་བྱས་པས་རི་གྲོང་དར་རྒྱས་དང་གྲོང་མིར་འབབ་འཕར་ཡོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད། འདི་ནི་ཟླ་7ཚེས་22ཉིན་ལིན་ཨན་གྲོང་ཁྱེར་པའེ་ཧྲ་གྲོང་ཚོར་ཞག་སྡོད་ཚ་གཡོལ་དུ་ཡོང་བའི་ལོ་91ལ་སླེབས་པའི་ཧང་ཀྲོའུ་ཡི་རྒན་མོ་ཅང་ཧའོ(གཡོན་གྱི་དང་པོ)དང་རྗེས་རབས་པ་ཚོ་མཉམ་དུ་ཤིས་ཀྭ་ཟ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།