འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རི་འཛེག་རུ་ཁག་གིས་སྨི་8000ཡན་གྱི་རི་མཐོན་པོ་བཅུ་བཞིར་འཛེགས་ནས་
    ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བ།  

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཚེ་རིང་རྡོ་རྗེ་(དཀྱིལ)དང་། སྤེན་པ་བཀྲ་ཤིས།(གཡོན་པ) བློ་རྩེ་གསུམ་ལ་བྱེད་སྒོ་ཐོག་གཟེངས་རྟགས་གནང་བ།
    ཚེ་རིང་རྡོ་རྗེ་(དཀྱིལ)དང་། སྤེན་པ་བཀྲ་ཤིས།(གཡོན་པ) བློ་རྩེ་གསུམ་ལ་བྱེད་སྒོ་ཐོག་གཟེངས་རྟགས་གནང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན་གྱི་སྔ་དྲོར། བོད་ལྗོངས་རི་འཛེག་སློབ་གྲྭའི་སྒོ་རའི་ནང་དུ་ཀྲུང་གོའི་རི་འཛེག་མི་སྣ་གསར་རྙིང་གཉིས་ཀ་འཛོམས་ནས་མཉམ་དུ་བོད་ལྗོངས་རི་འཛེག་ཉམས་ཞིབ་རུ་ཁག་བདེ་བླག་ངང་འཛམ་གླིང་གི་སྨི་8000ཡན་གྱི་རི་མཐོན་པོ་བཅུ་བཞིར་འཛེགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུས་པ་རེད། བྱེད་སྒོ་སྤེལ་ཡུལ་དངོས་སུ། བོད་ལྗོངས་ཀྱི་རི་མཐོན་པོ་བཅུ་བཞིའི་ཉམས་ཞིབ་རུ་ཁག་གི་གཙོ་ཤུགས་མི་སྣ་ཚེ་རིང་རྡོ་རྗེ་དང་། སྤེན་པ་བཀྲ་ཤིས། བློ་ཚེ་གསུམ་པོ་དང་། རུ་མི་གཞན་པ། རི་འཛེག་མཐུན་སྦྱོར་མི་སྣ་བཅས་ལ་དྲན་གསོའི་བྱ་དགའ་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་། ཞུའེ་ཝེན་ཞན་གཉིས་དུས་ཡུན་རིང་པོར་རྗེས་འདེད་གསར་འགོད་ཀྱི་རླབས་ཆེན་བྱ་གཞག་འདིར་ཞུགས་པའི་སྨྱན་སྦྱོར་ལས་རིགས་མི་སྣར་ཡང་བྱ་དགའ་ཐོབ་པ་རེད།
          ལོ་བཅུའི་གོང་གི་ཟླ་7ཚེས་12ཉིན། ཚེ་རིང་རྡོ་རྗེ་དང་སྤེན་པ་བཀྲ་ཤིས། བློ་ཚེ་སོགས་མཐོ་ཚད་སྨི་8068ཙམ་ཟིན་པའི་འཛམ་གླིང་གི་རི་མཐོན་པོ་བཅུ་གཅིག་པ་ག་ཤེར་པི་རུམ་(Gasherbrum)གྱི་རྩེར་འཛེགས་པ་རེད། ད་ལྟ་བར་དུ་ལོ་བཅུ་བཞི་ཡི་རིང་ལ། བོད་ལྗོངས་རི་འཛེག་རུ་ཁག་གིས་ཚོགས་པའི་རྣམ་པའི་ཐོག་ནས་འཛམ་གླིང་གི་རི་བོ་མཐོ་ཚད་ལ་སྨི་8000ཡན་ཟིན་པའི་རི་བོ་བཅུ་བཞིར་འཛེགས་ཐུབ་པ་རེད།
           སྔོན་ཆད་ཀྱི་རི་རྩེར་འཛེགས་པའི་ལོ་ཟླ་ཕྱིར་དྲན་བྱེད་དུས། ད་ལོར་དགུང་ལོ་52ལ་སླེབས་པའི་སྤེན་པ་བཀྲ་ཤིས་ཀྱིས་རྗེས་དྲན་བྱེད་སྒོ་སྤེལ་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ངང"རྒྱལ་ཁ་འདིས་ཀྲུང་གོའི་རི་འཛེག་སྟོབས་ཆེན་རྒྱལ་ཁབ་ཀྱི་སྟོབས་ཤུགས་མཚོན་ཡོད"ཅེས་བརྗོད་པ་རེད། 
           སྨི་8000ཡན་ཟིན་པའི་འཛམ་གླིང་གི་རི་མཐོན་པོ་བཅུ་བཞི་ནི་ཧི་མ་ལ་ཡ་རི་རྒྱུད་དང་ཁུ་ནུ་རི་རྒྱུད་ཁྲོད་དུ་ཡོད་པ་རེད། བོད་ལྗོངས་རི་འཛེག་རུ་ཁག་གི་ཡར་སྔོན་དུ། འཛམ་གླིང་ཐོག་མི་བཅུ་གྲངས་ཙམ་གྱིས་སྒེར་གྱི་མིང་ཐོག་ནས་རི་མཐོན་པོ་བཅུ་བཞི་དེ་ཚོར་འཛེགས་ཐུབ་པ་རེད། ལོ་བཅུའི་སྔོན་ལ། བོད་ལྗོངས་ཀྱི་རི་འཛེག་མི་སྣ་གསུམ་རི་རྩེར་འཛེགས་ཐུབ་པས། གསར་དར་རི་འཛེག་རྒྱལ་ཁབ་ཆེན་པོ་ཀྲུང་གོ་འདི་ཉིད་ཐོག་མར་རྒྱལ་སྤྱིའི་རི་འཛེག་ལས་རིགས་ཀྱིས་ཁས་ལེན་པའི"རི་བོ་བཅུ་བཞིའི་སྤྲོ་སྐྱིད་ཁང"དུ་ཚུད་ཡོད་པ་རེད།
            བོད་ལྗོངས་ཀྱི་རི་བོ་ཧི་མ་ལ་ཡའི་ཁུར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་འགོ་ཚུགས་མཛད་སྒོ་དང་། བོད་ལྗོངས་རི་འཛེག་སྣེ་ཤན་པའི་མཐུན་ཚོགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོའང་ཉིན་དེར་སྤེལ་བ་རེད།
           བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་གིས"བོད་ལྗོངས་རི་འཛེག་ནི་ཆེད་ལས་རི་འཛེག་ནས་སྤྱི་ཚོགས་ཀྱི་རི་འཛེག་ཏུ་བར་བརྒལ་བྱེད་པའི་དུས་སྐབས་སུ་སླེབས་ཡོད་པ་རེད། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་བོད་ལྗོངས་རི་འཛེག་གི་དགོངས་དོན་དར་སྤེལ་བཏང་སྟེ་རི་འཛེག་སྒོ་ཕྱིའི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་སྟེ་ཕྱོགས་བསྡུས་སྐུལ་ཁྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་གང་ཐུབ་བྱ་དགོས"ཞེས་བརྗོད་པ་རེད།
    ཤིན་ཧྭ་གསར་འགྱུར་ཁང་གི་རྡོ་རྗེ་དགྲ་འདུལ་དང་ཞུའེ་ཝེན་ཞན་གཉིས་ནི་རི་འཛེགས་བྱེད་སྒོ་ལ་ཞུགས་པའི་མི་སྣ་ཡི་ཆ་ནས་བྱེད་སྒོ་ཐོག་གཟེངས་རྟགས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་གི་རྡོ་རྗེ་དགྲ་འདུལ་དང་ཞུའེ་ཝེན་ཞན་གཉིས་ནི་རི་འཛེགས་བྱེད་སྒོ་ལ་ཞུགས་པའི་མི་སྣ་ཡི་ཆ་ནས་བྱེད་སྒོ་ཐོག་གཟེངས་རྟགས་གནང་བ།
    ལོ་གཞོན་རི་འཛེག་ལུས་རྩལ་པ་ཞིག་གིས་བྱེད་སྒོ་ཡུལ་དངོས་སུ་པར་ལེན་པ།
    ལོ་གཞོན་རི་འཛེག་ལུས་རྩལ་པ་ཞིག་གིས་བྱེད་སྒོ་ཡུལ་དངོས་སུ་པར་ལེན་པ།
    སྨི་8000ཡན་གྱི་རི་མཐོན་པོ་བཅུ་བཞིར་འཛེགས་མཁན་གྱི་རུ་མི་ཚོས་མཉམ་དུ་གཟེངས་རྟགས་ཡར་འདེགས་པའི་མཉམ་པར།
    སྨི་8000ཡན་གྱི་རི་མཐོན་པོ་བཅུ་བཞིར་འཛེགས་མཁན་གྱི་རུ་མི་ཚོས་མཉམ་དུ་གཟེངས་རྟགས་ཡར་འདེགས་པའི་མཉམ་པར།
      

    ཕྱོགས་བསྡུས་གསར་འགྱུར།