འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དེང་རབས་འཚོ་བ་དང་འདྲེས་པའི་ན་ཏ་མུའུ་ཡི་སྲོལ་རྒྱུན་དུས་ཆེན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    བདམས་ཐོན་པ་ཚོས་སྨི་3600ཡི་རྟ་རྒྱུག་འགྲན་བསྡུར་བྱེད་པ།
    བདམས་ཐོན་པ་ཚོས་སྨི་3600ཡི་རྟ་རྒྱུག་འགྲན་བསྡུར་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན། ནང་སོག་ཏའར་ཧན་མའོ་མིང་ཨན་མཉམ་འབྲེལ་ཆིའི་སྐབས་ཉེར་བརྒྱད་པའི་ན་ཏ་མུའུ་འདུ་ཚོགས་པའེ་ལིང་ལྷ་ཁང་ན་ཏ་མུའུ་རིག་གནས་ཐོན་ལས་གླིང་དུ་འཚོགས་པ་དང་། ད་ཐེངས་ཀྱི་བྱེད་སྒོའི་ནང་རྟ་རྒྱུག་དང་། རྔ་མོང་འགྲན་པ། སྦེ་ག་རྩེ་བ། མདའ་འཕེན་པ་སོགས་ཀྱི་འགྲན་བསྡུར་ཚེས་24བར་བྱ་རྒྱུ་རེད།
         ལོ་ལྟར་གྱི་ཟླ་བདུན་པ་དང་བརྒྱད་པར་ཕྱུགས་རིགས་ཤ་ཤེད་རྒྱས་པའི་དུས་ཚིགས་སུ་སྤེལ་བའི་ན་ཏ་མུའུ་ནི་ནང་སོག་མང་ཚོགས་ཚོས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བའི་རིག་གནས་ལུས་རྩལ་གྱི་རོལ་རྩེད་འདུ་ཚོགས་ཤིག་ཡིན། ན་ཏ་མུའུ་ཡི་ཐོག་ངར་ཤ་སློང་བའི་རྟ་རྒྱུག་དང་སྦེ་ག་དང་། མི་རྣམས་ཀྱིས་བསྔགས་བརྗོད་བྱེད་པའི་མདའ་འཕེན་དང་དེ་བཞིན་ཡིད་དབང་འཕྲོག་པའི་མི་རིགས་ཀྱི་གླུ་གར་སོགས་ཡོད། དུས་རབས་འཕོ་འགྱུར་ཕྱིན་པ་དང་སྦྲགས། གནའ་བོའི་ན་ཏ་མུའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བ་མ་ཟད། ད་དུང་དེང་རབས་ཀྱི་ནང་དོན་བསྣན་ནས་རྩྭ་ཐང་མི་དམངས་ཀྱིས་མི་རིགས་རིག་གནས་ངོམ་སྟོན་དང་ཡུལ་སྐོར་བ་ཡིད་དབང་བཀུག་པའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད། ལོ་ལྟར་དབྱར་དུས་སུ། རྩྭ་ཐང་ཐོག་ཐེངས་མང་གཉེར་བའི་ན་ཏ་མུའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྔར་ལས་མང་བའི་ཡིད་དབང་བཀུག་གི་ཡོད།
    ན་ཏ་མུའུ་འདུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཁ་བཏགས་འཁྱེར་བའི་མགྲོན་བསུའི་བུ་མོ་ཚོ།
    ན་ཏ་མུའུ་འདུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཁ་བཏགས་འཁྱེར་བའི་མགྲོན་བསུའི་བུ་མོ་ཚོ།
      

    ཕྱོགས་བསྡུས་གསར་འགྱུར།