འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ཡིས་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་གསར་གཏོད་ལས་
    གཏོད་ལ་རོགས་རམ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་རྫོང་དང་ཆུས་ཁག་གི་དབང་སྐྱོན་ལྷན་ཚོགས་དང་མཉམ་དུ་དབང་པོ་སྐྱོན་ཅན་གྱི“གཉིས་གཏོད”རྣམ་གྲངས་ལ་རོགས་སྐྱོར་བྱེད་པའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ནས་དབང་པོ་སྐྱོན་ཅན་གྱི་གསར་གཏོད་ལས་གཏོད་ལ་རོགས་པ་བྱས་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་བ་གསུམ་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་ལས་དོན་ཚོགས་ཆུང་ཁག་གཉིས་སྔ་རྗེས་སུ་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་བརྒྱད་ལ་བསྐྱོད་ནས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་། སློབ་གསོ། དྲག་སྐྱེད། གསོ་བཅོལ་སོགས་ཀྱི་ལས་དོན་དང་ལྷག་པར་དུ་དབང་པོ་སྐྱོན་ཅན་གྱི་གསར་གཏོད་ལས་གཏོད་འདུན་ཞུའི་རྣམ་གྲངས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། རིགས་པས་ཁུངས་སྐྱེལ། འདེམས་སྒྲུག་ཡང་ཡང་བཅས་བྱས་པ་དང་འབྲེལ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་དང་འབྲེལ་གཏུག་ཧུར་ཐག་བྱས་མཐར། སྟག་རྩེ་རྫོང་གི“བོད་ལྗོངས་ནོར་དགྲ་མི་རིགས་ལག་ཤེས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི”གསར་སྐྲུན་རྣམ་གྲངས་སོགས་གསར་གཏོད་ལས་གཏོད་རྣམ་གྲངས་8ལ་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ཁྱོན་མ་དངུལ་སྒོར་ཁྲི་234.06དོན་འཁྱོལ་བྱས་པའི་རྣམ་གྲངས་དེ་དག་གིས་དབང་པོ་སྐྱོན་ཅན་86ལ་ལས་གནས་མཁོ་འདོན་བྱས་པས། སླད་ཕྱིན་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་252ལ་ཕན་པ་ཐོབ་རྒྱུ་རེད།
               བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་བོད་བཟོའི་འཛིན་ཆས་བཟོ་གྲྭར་ད་ཐེངས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་31.71རག་པ་རེད། བཟོ་གྲྭའི་འགན་འཁུར་བ་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོའི་ངང“བཟོ་གྲྭ་འཕེལ་རྒྱས་གཏོང་བར་མ་དངུལ་མེད་པའི་སེམས་ཁྲལ་བྱེད་སྐབས་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་རག་བྱུང་། ང་ཕྱིར་ལོག་རྗེས་གཏམ་བཟང་འདི་ལས་མི་ཡོངས་ལ་བཤད་ནས་ཚང་མར་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་དགོས་པའི་སྐུལ་སློང་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།