འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་སྟོང་གི་ཚྭ་ཞིང་གི་གཏམ་རྒྱུད་གསར་པ་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་17ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལོ་ངོ་སྟོང་གི་ཚྭ་ཞིང་གི་གཏམ་རྒྱུད་གསར་པ་གླེང་བ།
          མི་དམངས་དྲ་བའི་འཕྲིན། ལོ་ངོ་སྟོང་གི་ཚྭ་ཞིང་ནི་རྒྱལ་ཁབ་ཀྱི་གཞུང་ལམ་214ཡི་འགྲམ་རྒྱུད་དང་རྫ་ཆུའི་འགྲམ་ངོགས་གཉིས་སུ་ཡོད་ལ། བོད་ལྗོངས་སྨར་ཁམས་རྫོང་དང་ལེ་བར་སྤྱི་ལེ་115ཡོད་པའི་ཚྭ་དོང་དུ་ཡོད་པ་རེད། ཚྭ་དོང་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2350ཡི་མཚམས་སུ་ཡོད་ལ། "ཇ་རྟའི་གནའ་ལམ"རྒྱུད་ཀྱི་ཆེས་གདོད་མའི་ལག་བཟོས་ཚྭ་སྐམ་གྱི་ས་ཆ་ཞིག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་པ་རེད།
             ཡུན་རིང་གི་ལོ་རྒྱུས་དུས་སྐབས་ཤིག་ལ། ཚྭ་དོང་ས་ཆའི་ཚྭ་ནི་ས་གནས་དེ་གའི་ངལ་རྩོལ་མི་དམངས་ཀྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཡིན་པ་རེད། ད་ལྟ། ཞིང་ལས་དང་ངལ་རྩོལ་པ་ཕྱིར་གཏོང་ནི་དུས་རྒྱུན་གྱི་ཡོང་འབབ་གཙོ་བོ་ཡིན་པ་རེད། ཚྭ་དོང་ནས་ཐོན་པའི་ཚྭ་ནི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པའི་ཆ་རྐྱེན་ཐོག ལུས་ཁམས་བདེ་སྲུང་གི་ཐོན་རྫས་དང་ཡུལ་སྐོར་དྲན་རྟེན་དུ་གྱུར་ཡོད་པ་རེད། ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་དེ་ས་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚ་རླབས་ཁྲོད་དུ། སྐྱེས་སྟོབས་ཀྱི་ཤུགས་གསར་པ་ཞིག་རྒྱས་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ལོ་ངོ་སྟོང་གི་ཚྭ་ཞིང་གི་གཏམ་རྒྱུད་གསར་པ་གླེང་བ།
      

    ཕྱོགས་བསྡུས་གསར་འགྱུར།