འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་འཛམ་གླིང་གཞོན་ནུའི་རྩལ་ནུས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། བཟོ་འཕྲིན་ཐིང་། སློབ་གསོ་ཐིང་། ཚོང་དོན་ཐིང་། སྲིད་གཞུང་གཞུང་རྒྱུ་་ཨུ་ལྷན། སྤྱི་ཁྱབ་བཟོ་ཚོགས། སྡེ་ཚོགས་ལྗོངས་ཨུ་ལྷན་བཅས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་2017ལོའི་འཛམ་གླིང་གཞོན་ནུའི་རྩལ་ནུས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་། འབྲེལ་ཡོད་ལས་རིགས་གསོ་སྦྱོང་སྒྲིག་གཞི། ལས་རིགས་མཐུན་ཚོགས། ཁེ་ལས་བཅས་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་པ་རེད།
             2014ལོའི་ཟླ་12ཚེས་18ཉིན་སྐབས་69པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ལོ་ལྟར་གྱི་ཟླ་7ཚེས་15ཉིན་དེ་འཛམ་གླིང་གཞོན་ནུའི་རྩལ་ནུས་ཉིན་མོར་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་རྩལ་ནུས་གསར་སྤེལ་བྱས་པ་བརྒྱུད་གཞོན་ནུའི་ཁྲོད་ལས་ཞུགས་དང་ལས་གཏོད་ཡག་པོ་མ་ཐུབ་པའི་གནད་དོན་ཐག་གཅོད་བྱས་ནས་ཁོང་ཚོར་དེ་བས་ལེགས་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཆ་རྐྱེན་གཏོད་ཆེད་རེད། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ས་གནས་ཁག་གིས་འདི་ལོ་འཛམ་གླིང་གཞོན་ནུའི་རྩལ་ནུས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཞིང་། དེ་ནི་ལྗོངས་ཡོངས་སུ་སྤེལ་བའི་འཛམ་གླིང་གཞོན་ནུའི་རྩལ་ནུས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་དང་པོ་དེ་རེད། 2017ལོར་འཛམ་གླིང་གཞོན་ནུའི་རྩལ་ནུས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང“ཀྲུང་གོར་རྩལ་ནུས་ཁྱབ་གདལ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གཞོན་ནུར་ཁ་ཕྱོགས་པ་དང་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། འགྲེམས་བྱང་བཟོ་བ། ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་བྱེད་པ། དཔྱད་ཡིག་སྤྲོད་པ། ཕན་ཚུན་དྲིས་ལན་བརྒྱབ་པ། རྩལ་ནུས་ངོམ་པ་སོགས་ཀྱི་ཐབས་ལ་བརྟེན་ནས་བཟོ་བོའི་སྙིང་སྟོབས་དང་། སྲིད་ཇུས་དང་བྱ་ཐབས། སྔོན་ཐོན་དཔེ་མཚོན། རྩལ་ནུས་སློབ་གསོ་སོགས་ནང་དོན་ཁག་བཞི་ལ་དམིགས་ཏེ་དྲིལ་བསྒྲགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།