འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བཟའ་བཅའི་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་རིམ་གསུམ་དྲ་རྒྱའི་མ་ལག་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་གཉིས་ནང་། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཞིབ་བཤེར་ཚད་ལེན་ལས་དོན་ཤུགས་ཆེན་སྤེལ་ཡོད། མིག་སྔར། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་བཟའ་བཅའ་ནས་བྱུང་བའི་རིམས་ནད་ཞིབ་བཤེར་ཚད་ལེན་གྱི་རིམ་གསུམ་དྲ་རྒྱའི་མ་ལག་བསྐྲུན་ཟིན་པས་བཟའ་བཅའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གསལ་འབྱེད་དང་སྔོན་འགོག་ཚོད་འཛིན་བྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
             མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཞའོ་ཅེ་ཡིས་2010ལོ་ཚུན་དུ་མཚོ་སྔོན་གྱིས་ཉེན་ཁ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྨང་གཞིའི་ཆ་འཕྲིན་དང་གྲངས་གཞི་མི་ཉུང་བ་ཞིག་གྲ་སྒྲིག་བྱས་ནས་མིག་སྔའི་བཟའ་བཅའི་བདེ་འཇགས་ཀྱི་རྣམ་པ་རིམ་བཞིན་ཁོང་དུ་ཆུད་པ་བྱས་པ་མ་ཟད། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་དོན་སྤེལ་ཡོད། དེའི་རིང་མཚོ་སྔོན་གྱིས་ལོ་3གྱི་དུས་ཚོད་སྤྱད་དེ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཀྲོའུ་(གྲོང་ཁྱེར)6གི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་གཉིས་ཀྱིས་གཙོ་བོར་བྱས་པའི་རིམ་གཉིས་ལས་སྟེགས་བསྐྲུན་ཡོད། དེ་རྗེས་གྲོང་ཁྱེར་(ཀྲོའུ)རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྫོང་རིམ་པའི་སྣེ་ཁྲིད་དེ་ལྟ་ཞིབ་ཚད་ལེན་བྱས་པའི་ཆ་འཕྲིན་བརྡ་ཁྱབ་གཏོང་བ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བས་རྫོང་རིམ་པའི་བཟའ་བཅའི་བདེ་འཇགས་ལྟ་ཞིབ་ཚད་ལེན་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།
             ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱི་རྣམ་གྲངས་རྒྱབ་སྐྱོར་ལས་ཕན་པ་ཐོབ་པའི་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པ་དང་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ཁང་དུ་སྒྲིག་ཆས་622ཡོད་པའི་ཁྲོད་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་ཆས་163ཡོད་པ་རེད། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་མཁན་ཆེད་ལས་ལག་རྩལ་མི་སྣའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ་མ་ཟད། ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་ལའང་2014ལོར་བཟའ་བཅའ་ཞིབ་བཤེར་རྩིས་ལེན་སྒྲིག་གཞིའི་འོས་བབ་ཐོབ་ཐང་གཏན་འཁེལ་ལ་སླར་ཡང་ཞིབ་དཔྱད་ཐོབ་པ་རེད།
            འདི་ལོའི་བར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ཁོངས་གཏོགས་ཀྱིས་བཟའ་བཅའི་བདེ་འཇགས་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཐོག་མའི་10ནས་46བར་མང་དུ་བཏང་བ་དང་བཟའ་བཅའ་ནས་བྱུང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་སྨན་ཁང་82བར་མང་དུ་བཏང་ནས་གྲོང་ཁྱེར་(ཀྲོའུ)དང་རྫོང་(ཆུས་དང་། གྲོང་ཁྱེར། སྲིད་འཛིན་ཀུང་ཧྲུའུ)བཅས་ཚང་མར་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།