འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གི་ས་ཁོངས་སྒྲོལ་བའི་ཤུགས་འགྲེམས་མེ་འཁོར་ཐོག་མའི་ལྕགས་ལམ་སྐྲུན་ཟིན་ནས་
    མེ་འཁོར་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན། ནང་སོག་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སྒྲོལ་བའི་ཤུགས་འགྲེམས་མེ་འཁོར་ཐོག་མའི་ལམ་ཐིག ཝུའུ་ལེན་ཧའོ་ཐེ་ནས་པའེ་ཁྲེང་བར་གྱི་མྱུར་བགྲོད་ལྕགས་ལམ་སྐྲུན་ཟིན་ཏེ་མེ་འཁོར་ཤར་གཏོང་ཐུབ་ཅིང་། ལམ་ཚད་ལ་སྤྱི་ལེ་84.27ཡོད་པའི་ལམ་ཐིག་དེ་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལེན་ཧའོ་ཐེ་ནས་ཅི་ལིན་ཞིང་ཆེན་གྱི་པའེ་ཁྲེང་བར་ཡིན་པ་དེའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་160འཆར་འགོད་བྱས་ཤིང་། ཝུའུ་ལེན་ཧའོ་ཐེ་ནས་པའེ་ཁྲེང་བར་དེ་སྔ་ཆུ་ཚོད་1དང་སྐར་མ་11འགོར་བ་ནས་ད་ཆ་སྐར་མ་44ལས་འགོར་གྱི་མེད་པ་དང་། ཁྲང་ཁྲུན་བར་ཆུ་ཚོད་5དང་སྐར་མ་25འགོར་བ་ནས་ཆུ་ཚོད་3དང་སྐར་མ་26ལས་འགོར་གྱི་མེད་པ། པེ་ཅིང་བར་ཆུ་ཚོད་18དང་སྐར་མ་56འགོར་བ་ནས་ཆུ་ཚོད་10ལས་འགོར་གྱི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།