འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཐེར་འདོན་གོང་ཞུའི་གནས་ཚུལ་
    ཁག་ཁྲི་28.6བདག་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་21ཉིན། རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་བདག་སྤྲོད་བྱས་པའི་ཐེར་འདོན་གོང་ཞུར་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་པའི་ཐེར་འདོན་གོང་ཞུའི་གནས་ཚུལ་ཁག་ཁྲི་28.6བདག་སྤྲོད་བྱས་ཏེ་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་3ཙམ་མ་ཕོག་པ་བྱས་ཡོད། ལོ་སྟོད་དུ་རིམ་ཁག་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་རྣམ་པ་མི་འདྲ་བའི་ཐོག་ནས་འཛད་སྤྱོད་པའི་ཞུ་གཏུག་ཁག་559ལ་རྒྱབ་སྐྱོར་བྱས་པ་དང་འཛད་སྤྱོད་པའི་ངོ་བཅར་དང་བློ་འདྲི་མི་ཐེངས་ཁྲི་54ཙམ་དང་ལེན་བྱས་ཡོད།
         ལོ་སྟོད་དུ་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་ཐག་རིང་། ཟོག་ཉོའི་ཐེར་འདོན་གོང་ཞུའི་གནས་ཚུལ་ཁག་ཁྲི་2.28བདག་སྤྲོད་བྱས་པ་དེས་ཕྱིར་ཚོང་ཞབས་ཞུའི་རིགས་ཀྱི་ཐེར་འདོན་གོང་ཞུའི་ནང་ནས་53.1%བཟུང་ཡོད། ཐག་རིང་ཟོག་ཉོའི་ནང་འཛད་སྤྱོད་པས་ཐེར་འདོན་གོང་ཞུ་བྱ་ཡུལ་གཙོ་བོ་ནི་དྲ་ཐོག་ལས་སྟེགས་དང་། “སྐད་འཕྲིན་ཚོང་པས”མཚོན་བྱེད་དུ་བྱེད་པའི་མི་སྒེར་གྱི་དྲ་རྒྱའི་ཚོང་པ། བརྙན་འཕྲིན་ཐོག་ནས་ཟོག་ཉོ་སོགས་རེད། ཐག་རིང་ཟོག་ཉོའི་ཐེར་འདོན་གོང་ཞུའི་གནད་དོན་གཙོ་བོ་དེ་དག་ཉིན་བདུན་ནང་རྒྱུ་མཚན་མི་དགོས་པར་དངོས་ཟོག་ཕྱིར་སློག་ཆོག་པ་དེ་དོན་འཁྱོལ་བྱེད་དཀའ་བ་དང་། དྲིལ་བསྒྲགས་རྫུས་མ་དང་ཚོང་པས་དུས་ཐོག་ཏུ་དངོས་ཟོག་སྐུར་མི་ཐུབ་པའམ་ཡང་ན་འཛད་སྤྱོད་པར་འབྱོར་བའི་དངོས་ཟོག་དེ་ཚོང་པས་དྲིལ་བསྒྲགས་བྱས་པའི་དངོས་ཟོག་དང་ཧེ་བག་ཆེ་ཙམ་ཡོད་པ། ཚོང་ཟོག་གི་སྤུས་ཚད་ཚད་གཞི་མི་ལོན་པ་དང་རྫུན་བཟོ་བྱས་པའི་སྣང་ཚུལ་ཅུང་མང་བ། “སྐད་འཕྲིན་ཚོང་པར”ཚོང་ཁང་དངོས་མེད་པ་དང་། གཉེར་སྐྱོང་ལག་ཁྱེར་མེད་པ། ཡིད་རྟོན་ཁག་ཐེག་མེད་པ། ཕྱོགས་གསུམ་པའི་ཉོ་ཚོང་ལས་སྟེགས་མེད་པ་བཅས་བཞི་མེད་ཚོང་ཁང་ཡིན་པས་སྐད་འཕྲིན་ཚོང་པ་བྱེད་པའི་ཆ་རྐྱེན་ཉུང་བ་དང་འཐུས་སྒོ་ཚང་བའི་ཉོ་ཚོང་མ་ལག་མེད་སྟབས་རྩོད་གཞི་ཐོན་ཚེ། གྲོགས་པོའི་ཁོངས་ནས་ཐད་ཀར་ཕྱིར་དོན་པའམ་ཡང་ན་རྩིས་ཁྲ་བརྗེས་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་ལས་གཡོལ་ཐབས་བྱེད་ཀྱི་ཡོད། དེར་བརྟེན་འཛད་སྤྱོད་པས་ཚོང་པ་རྙེད་མི་ཐུབ་ལ་ཁེ་དབང་སྲུང་སྐྱོང་ཡང་བྱེད་ཁག་པོ་ཡོད། བརྙན་འཕྲིན་བརྒྱུད་ཉོས་པའི་ཚོང་ཟོག་ལ་གནད་དོན་ཐོན་རྗེས་ཚོང་པ་དང་བརྙན་འཕྲིན་ལས་ཁུངས་དབར་རང་འགན་གཞན་དཀྲི་བྱེད་པ་བཅས་མང་པོ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།