འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ཀྱི་ཁེ་ལས་འབྲིང་ཆུང་ཀྲུང་གོའི་ནུབ་རྒྱུད་དུ་གཞིས་ཆགས་པའི"སྙོལ་ཆས"ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་11ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧྥ་རན་སེའི་སུའོ་ཕེ་ཡ་ཚན་རྩལ་གླིང་གི་CEOཧྥེ་ལེ་ཕུའུ་·མ་ལེ་ཡ་ཉི་དང་དེ་བཞིན་སི་ཕེན་དང་འཇར་མན་སོགས་རྒྱལ་ཁབ་ཚན་རྩལ་གླིང་གི་འཐུས་མི་དང་བཅས་པ་ཁྲེང་ཏུའུ་ཐན་ཧྥུའུ་གྲོང་གསར་གྱི་ལྟེ་བའི་ཁུལ་དུ་ཡོང་ནས་ཐོག་སོ་192ཡོད་པའི་གཞུ་དབྱིབས་ཐོག་བརྩེགས་ཁང་ཆེན་དུ་ལྟ་སྐོར་བྱས་པ་དང་ཐོག་བརྩེགས་ཁང་ཆེན་དེ་ནི་ཡོ་རོབ་ཀྱི་ཁེ་ལས་འབྲིང་ཆུང་ཀྲུང་གོའི་ནུབ་རྒྱུད་དུ་གཞིས་ཆགས་བྱེད་པའི“སྙོལ་ཆས”ཀྱི་སྐྲུན་དངོས་གཙོ་བོ་ཞིག་རེད།
         ཐན་ཧྥུའུ་གྲོང་གསར་གྱི་ལྟེ་བའི་ཁུལ་དུ་གནས་པའི“སྙོལ་ཆས”དེར“ཀྲུང་གོ་དང་ཡོ་རོབ་ཀྱི་ལྟེ་གནས”ཞེས་མིང་བཏགས་ཡོད། དེར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་21ཙམ་ཟིན་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་བ་དང་སྔོན་དཔག་བྱས་ན། 2018ལོའི་ལོ་སྟོད་དུ་ཁྱོན་ཡོངས་ནས་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོ་དང་ཡོ་རོབ་ཀྱི་ལྟེ་གནས”ནང་ཡོ་རོབ་ཀྱི་ཚོང་ཟོག་ཚོང་དོན་འགྲེམས་སྟོན་ཉོ་ཚོང་ལྟེ་གནས་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ལག་རྩལ་རྗེས་རེས་ལྟེ་གནས། ཡོ་རོབ་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལྟེ་གནས། ཡོ་རོབ་ཁེ་ལས་སྤྱི་ཁྱབ་པུའི་རྟེན་གཞིའི་ལྟེ་གནས། ཡོ་རོབ་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་སྐུལ་སྤེལ་སྒྲིག་གཞིའི་དོན་གཅོད་ལྟེ་གནས། གཅིག་འཐུས་རྣམ་པའི་ཞབས་ཞུ་ལྟེ་གནས་བཅས་ནུས་པའི་ཁུལ་ཆེན་པོ་དྲུག་དང་དེ་བཞིན་ཟློས་གར་ཁང་དང་། རྒྱལ་སྤྱིའི་སྒྱུ་རྩལ་འགྲེམས་སྟོན། ཡོ་རོབ་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གཏན་འཇགས་ཚོགས་ར། ཀྲུང་གོ་དང་ཡོ་རོབ་ཁེ་ལས་ཀྱི་མཉམ་འབྲེལ་ལྷན་ཚོགས། རྒྱལ་སྤྱིའི་མགྲོན་ཁང་རྣམ་པའི་སྤྱི་ཤག་སོགས་ཕྱོགས་བསྡུས་ལྷན་སྦྱར་ཞབས་ཞུའི་ཁུལ་བཅས་ཡོད། མིག་སྔར་ལྟེ་གནས་དེའི་ནུས་པ་ཁག་གཅིག་སྤྱོད་འགོ་ཚུགས་པ་དང་དེར་ཡོང་མྱོང་ཡོད་པའི་ཡོ་རོབ་ཀྱི་དཔོན་རིགས་དང་ཁེ་ལས་ཀྱི་འཐུས་མི་མང་པོ་ཞིག་གིས་དེ་ནི་ཀྲུང་གོར་ཡོད་པའི་ཡོ་རོབ་ལྟེ་བའི་ཁེ་ལས་ཀྱི“ཁྱིམ”ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།