འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པའོ་ཅི་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱུང་ནས་མེ་འཁོར་གཏོང་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པའོ་ཅི་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱུང་ནས་མེ་འཁོར་གཏོང་
འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན་གྱི་ཆུ་ཚོད་8:00ལ། པའོ་ལན་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་ཐོག་མ་D2651དལ་བུའི་ངང་ཞི་ཨན་མེ་འཁོར་ས་ཚིགས་བྱང་མ་ནས་ལན་ཀྲོའུ་རུ་སྐྱོད་འགོ་ཚུགས་པ་འདིས་པའོ་ལན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱུང་ནས་མེ་འཁོར་གཏོང་འགོ་ཚུགས་པ་མཚོན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། པའོ་ལན་མྱུར་བགྲོད་ལྕགས་ལམ་ནི་ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ནས་འགོ་ཚུགས་ཤིང་། དེ་ནས་ཀན་སུའུ་ཞིང་ཆེན་གྱི་ཐེན་ཧྲུའུ་གྲོང་ཁྱེར་དང་། ཆིན་ཨན་རྫོང་། ཐུང་ཝེ་རྫོང་། ཏིང་ཤི་གྲོང་ཁྱེར་བཅས་བརྒྱུད་ནས་ལན་ཀྲོའུ་གྲོང་ཁྱེར་དུ་འབྱོར་ཞིང་། རིང་ཚད་ལ་སྤྱི་ལེ་ཁྱོན་བསྡོམས་401ཡོད་པ་རེད།
          པའོ་ལན་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་སྦྲེལ་འཆར་འགོད་ཀྱི"གཞུང་ཕྱོགས་བརྒྱད་དང་འཕྲེད་ཕྱོགས་བརྒྱད"ཀྱི་མྱུར་བགྲོད་ལྕགས་ལམ་གྱི་འགྲུལ་ལམ་གཙོ་བོའི་ཁྲོད་ཀྱི་སྐམ་སའི་བགྲོད་ལམ་གྱི་གྲུབ་ཆ་གཙོ་བོའི་ཁོངས་ཡིན་ལ། རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དང་། དབུས་ཁུལ། ཤར་རྒྱུད་ས་ཁུལ་བརྒལ་བའི་ལྕགས་ལམ་འགྲུལ་སྐྱེལ་རྒྱུད་ལམ་གཙོ་བོ་ཞིག་རེད། དེ་ནི་ད་ལྟ་འཁོར་སྐྱོད་བྱེད་བཞིན་པའི་ཞུའེ་ལན་མྱུར་བགྲོད་ལྕགས་ལམ་གྱི་ཞི་པའོ་ལམ་དུམ་དང་། ལན་ཤིན་མྱུར་བགྲོད་ལྕགས་ལམ་བཅས་སྦྲེལ་ཡོད་པས། རང་རྒྱལ་གྱི་ནུབ་བྱང་ས་ཁུལ་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་སྦྲེལ་དུ་ཚུད་པར་སྐུལ་འདེད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།