འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱོན་ཕོག་པའི་སྤྱང་ཀི་བསྐྱབས་ནས་རྩྭ་ཐང་དུ་གློད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྐྱོན་ཕོག་པའི་སྤྱང་ཀི་བསྐྱབས་ནས་རྩྭ་ཐང་དུ་གློད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་ཀན་སུའུ་དམངས་ཁྲོད་ཁོར་ཡུག་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པ་ཝང་ཕེང་དང་ཁོ་པའི་ཚོགས་པས་བསྐྱབས་པའི་རྨས་སྐྱོན་ཕོག་པའི་སྤྱང་ཀི་གཉིས་རྨ་ཆུའི་རྩྭ་ཐང་དུ་གློད་པ་རེད། སྤྱང་ཀི་གཉིས་པོ་དེ་ཝང་ཕེང་ཚོགས་པས་2015ལོར་རྨ་ཆུའི་རྩྭ་ཐང་དུ་ཚན་རིག་རྟོག་ཞིབ་བྱེད་རིང་བསྐྱབས་པའི་སྤྱང་ཕྲུག་ཡིན་པ་དང་ལོ་གཉིས་གསོས་པ་དང་རི་ཐང་དུ་སྦྱོང་བརྡར་སྤྲས་པ་བརྒྱུད་སྤྱང་ཀི་གཉིས་པོ་དེ་རང་བྱུང་ཁམས་སུ་གློད་པའི་ཆ་རྐྱེན་ཚང་ཡོད།
         ཉེ་བའི་ལོའི་ནང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིས་གཞི་ཁྱོན་ཆེ་བའི་སྣོད་བཅུད་བཅོས་སྐྱོང་བྱས་པས། རྩྭ་ཐང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་རྩྭ་ཐང་གི་སྣོད་བཅུད་མ་ལག་ནུས་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། གོང་གི་པར་རིས་ནི་ལས་དོན་པས་རླུང་ཙེའི་སྒོ་ཕྱེ་ནས་སྤྱང་ཀི་གཉིས་རྨ་ཆུའི་རྩྭ་ཐང་ཐོག་གློད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།