འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རག་གི་སྲིད་འཛིན་གྱིས་མོ་སུར་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབྱི་རག་གི་སྲིད་འཛིན་གྱིས་མོ་སུར་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། དབྱི་རིག་གི་སྲིད་འཛིན་དང་དྲག་པོའི་སྟོབས་ཤུགས་ཀྱི་སྤྱི་ཁྱབ་དམག་སྤྱི་གཅིག་ལྕོགས་ཁུར་བའི་ཧའེ་ཏེར·ཨ་པ་ཏི་ཡིས་སྲིད་གཞུང་དམག་གིས་མོ་སུར་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         དབྱི་རག་གི་སྲིད་འཛིན་གཞུང་ལས་ཁང་གིས་གསལ་བསྒྲགས་ཤིག་གི་ནང་དུ"དབྱི་རག་དྲག་པོའི་སྟོབས་ཤུགས་ཀྱི་སྤྱི་ཁྱབ་དམག་སྤྱི་ཨ་པ་ཏི་བཅིངས་འགྲོལ་བཏང་ཚར་བའི་མོ་སུར་དུ་འབྱོར་བ་མ་ཟད། དབྱི་རག་གི་དཔའ་མཛངས་རྟུལ་ཕོད་ཀྱི་དམག་མི་ཚོ་དང་མི་དམངས་ཀྱིས་རྒྱལ་ཁ་གལ་ཆེན་བླངས་པར་རྟེན་འབྲེལ་ཞུས་པ་རེད"ཅེས་བརྗོད་པ་རེད།
         མོ་སུར་ནི་དབྱི་རག་གི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་ཡིན་པ་དང་། རྒྱལ་ས་པ་ཀ་ཏ་གྲོང་ཁྱེར་ནས་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ་400ཡི་གནས་སུ་ཡོད་ཅིང་། 2014ལོའི་ཟླ་6པར་ཐལ་སྤྱོད་རྩ་འཛུགས"དབྱི་སི་ལན་རྒྱལ་ཁབ"ཀྱིས་བཙན་བཟུང་བྱས་ཏེ་རྩ་འཛུགས་དེའི་དབྱི་རག་མངའ་ཁོངས་ཀྱི་སྒར་ས་ཆེན་པོ་དང་བཀོད་འདོམས་ལྟེ་བ་བྱས་པ་རེད། 2016ལོའི་ཟླ་10པར། དབྱི་རག་སྲིད་གཞུང་དམག་གིས་མོ་སུར་ཚུར་ལེན་བྱེད་པའི་དམག་དོན་བྱ་སྤྱོད་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།