འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་གྲོང་བསམ་ཡས་ཀྱི་གྲོང་རྡལ་ཆུང་ངུའི་འཆར་འགོད་ལ་བཟོ་བཅོས་ཐེངས་32བརྒྱབ་
    ནས་སྔར་བཞིན་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “གྲོང་རྡལ་ཆུང་ངུའི་འཆར་འགོད་ལ་བཟོ་བཅོས་ཐེངས་32བརྒྱབ་པ་ངས་གསལ་པོ་ངེས་ཀྱི་འདུག”ཅེས་ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་བཅར་འདྲི་བྱེད་སྐབས་བསམ་ཡས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲེང་ཅང་གིས་གསར་འགོད་པར་བཤད་བྱུང་། གནའ་གྲོང་གི་འཆར་འགོད་དེར་བཟོ་བཅོས་ཐེངས་མང་བརྒྱབ་པ་ལས་ཡང་སྙིང་འདུ་ཤེས་གང་ཞིག་མངོན་གྱི་ཡོད་དམ།
         བསམ་ཡས་གྲོང་རྡལ་ནི་ལོ་ངོ་1200ལྷག་ཙམ་གྱི་སྔོན་དུ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཙུགས་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་གི་དགོན་སྡེ་དང་པོ་བསམ་ཡས་དགོན་གྱི་མཐའ་འཁོར་དུ་ཆགས་ཡོད། 2015ལོའི་ཟླ་5པར་གནའ་གྲོང་བསམ་ཡས་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་ཁག་དང་པོའི་གྲས་སུ་བཅུག་ཡོད། 2016ལོའི་ཟླ་10པར་བསམ་ཡས་གྲོང་རྡལ་འདི་ཉིད“ཀྲུང་གོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ”ཁག་དང་པོའི་ནང་བདམས་ཡོད།
         “བོད་རང་སྐྱོང་ལྗོངས་དང་རྒྱལ་ཁབ་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་ནང་སྔ་རྗེས་སུ་བཅུག་པ་དང་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པར་དེ་བས་ནན་བཤད་བྱས་ཡོད”ཚང་མས་ལོ་རྒྱུས་ལ་འགན་འཁུར་བ་དང་། གནའ་གྲོང་ལ་འགན་འཁུར་བ། རིག་གནས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ལས་ཀ་གཟབ་ནན་ངང་བསྒྲུབ་རྒྱུ་དང་འཆར་འགོད་ལ་སྐུལ་འདེད་བཏང་ཡང་མྱུར་ཚད་ལ་དེ་ཙམ་ནན་བཤད་བྱས་མེད་ཅེས་ཀྲེང་ཅང་གིས་ངོ་སྤྲོད་བྱས་བྱུང་།
         2015ལོའི་ཟླ་10པའི་ཟླ་དཀྱིལ་དུ་བསམ་ཡས་གྲོང་རྡལ་ཆུང་ངུའི་འཆར་འགོད་ལས་དོན་དངོས་སུ་འགོ་ཚུགས་པ་དང་གྲ་ནང་རྫོང་གིས་འབྲེལ་ཡོད་སྡེ་ཚན་ནས་འཇོན་ཐང་ཅན་སྐོང་འཐེན་བྱས་ཏེ་ཆེད་དམིགས་ལས་ཀའི་ཚན་ཁག་བཙུགས་ནས་ཞིབ་ཕྲའི་ལས་ཀའི་འགན་འཁུར་དུ་བཅུག་པ་དང་འབྲེལ་ཧོ་པེའི་འཆར་འགོད་ཇུས་འགོད་ཁང་གི་མི་སྣ་གདན་དྲངས་ཏེ་གྲོང་རྡལ་ཆུང་ངུའི་འཆར་འགོད་ལས་དོན་གྱི་འགན་འཁུར་དུ་བཅུག་ཡོད།
         འཆར་འགོད་བྱེད་འགོ་ཚུགས་ནས་ལོ་ཕྱེད་སོང་རྗེས་བསམ་ཡས་གྲོང་རྡལ་ཆུང་ངུའི་འཆར་འགོད་ལ་ལེགས་སྒྲིག་ཆེན་པོ་ཐེངས་གཅིག་བྱས་ཡོད། “དང་ཐོག་འཆར་འགོད་ཀྱི་བསམ་ཕྱོགས་དེ་སྡོད་ཁང་ལ་དམིགས་པ་སྟེ། གྲོང་རྡལ་ཆུང་ངུའི་ཡུལ་མིའི་སྡོད་ཁང་སྒྱུར་བཀོད་དང་ལམ་ངོས་ཀྱི་སྔོ་ལྗང་གཙོ་གནད་སྒྱུར་བཀོད་ཕྲན་བུ་བྱེད་པ་ལས་གཞི་ཁྱོན་ཆེ་བའི་ལས་གཞི་གང་ཡང་སྤེལ་མེད”བོད་རང་སྐྱོང་ལྗོངས་ལས་དོན་ཚོགས་ཆུང་གིས་བསམ་ཡས་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་གཏོང་རྒྱུའི་ཆེད་དམིགས་བརྟག་ཞིབ་བྱས་རྗེས་གྲོང་རྡལ་ཆུང་ངུའི་འཆར་འགོད་ཇུས་འགོད་ཀྱི་མིག་རྒྱང་རིང་དུ་བཏང་ནས་གྲོང་རྡལ་ཆུང་ངུའི་ངེས་གནས་དང་། རིག་གནས་སྔོག་འདོན། ཁྱད་ཆོས་འབུར་ཐོན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་གནད་དོན་གལ་ཆེན་ཚང་མ་འཆར་འགོད་ཇུས་འགོད་བྱེད་མཁན་ལ་བསྒྲུབ་རྒྱུར་རྩིས་སྤྲད་ཡོད་ཅེས་ཀྲེང་ཅང་གིས་ངོ་སྤྲོད་བྱས་བྱུང་།
         བསམ་ཡས་དགོན་ལ་རྒྱ་ལུགས་དང་། བོད་ལུགས། རྒྱ་གར་ལུགས་བཅས་ཀྱི་འཛུགས་སྐྲུན་ཁྱད་ཆོས་མངོན་པ་དང་རིག་གནས་མང་པོ་མཉམ་དུ་གནས་ཡོད། སློབ་དཔོན་པདྨ་འབྱུང་གནས་ནི་ད་ལྟའི་ཕ་ཁི་སི་ཐན་ནས་ཡིན་པ་དང་། མཁན་ཆེན་བྷོ་ཏི་སཱ་ཏྭ་ནི་ད་ལྟའི་བྷང་ག་ལ་ནས་ཡིན་པ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནི་གྱིམ་ཤིང་ཀོང་ཇོའི་སྲས་ཡིན་པ་རེད། 1270ལོའི་གོང་དུ‘རྒྱུད་གཅིག་ལམ་གཅིག’གནས་འདིར་འཁེལ་གྱི་ཡོད་པས། ང་ཚོས་ད་ལྟའང་སྔར་བཞིན་གཏམ་རྒྱུད་དེ་རྒྱུན་འཛིན་བྱེད་ཀྱི་ཡོད། སློབ་དཔོན་པདྨ་འབྱུང་གནས་དང་། མཁན་ཆེན་བྷོ་ཏི་སཱ་ཏྭ། ཁྲི་སྲོང་ལྡེ་བཙན་བཅས་ནི་བསམ་ཡས་གཙུག་ལག་ཁང་ཕྱག་འདེབས་མཁན་ཡིན། ཐེངས་གཅིག་རྟོག་ཞིབ་ཚོགས་པར་སྣེ་ལེན་བྱེད་སྐབས་བསམ་ཡས་གྲོང་རྡལ་གྱི་ལོ་རྒྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་ཀྲེང་ཅང་གིས་སྐུ་མགྲོན་ཚོར་བསམ་ཡས་གྲོང་རྡལ་ནི“རྒྱུད་གཅིག་ལམ་གཅིག”གི་ཆེས་མདུན་སར་གནས་པ་གསལ་བཤད་བྱས་ཡོད།
         ལོ་ངོ་1200ལྷག་ཙམ་གྱི་སྔོན་དུ་ལྷོ་ངོས་ཀྱི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་རི་སྟེང་དུ་གནས་པའི་མཆོད་རྟེན་དཀར་པོའི་མཚམས་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་གནས་ཁྱད་པར་ཅན་ལ་གཟིགས་ནས་རྩད་ཞིབ་འཆར་འགོད་གནང་ཡོད། ལོ་ངོ་1200ལྷག་ཙམ་སོང་རྗེས་བསམ་ཡས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཆར་འགོད་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།