འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གསར་འགྲེལ་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་
    བོད་ལྗོངས་སུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་10ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གསར་འགྲེལ་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་
བོད་ལྗོངས་སུ་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་གི་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གསར་འགྲེལ་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་འཚོགས་པ་རེད།
         ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་གྲོས་གཞི་ནི"ནང་ཆོས་སློབ་སྦྱོང་ལྷོད་མེད་གནང་ནས་དུས་རབས་གསར་པའི་གྲྭ་བཙུན་ཞིག་བྱེད་པ"ཞེས་པ་དང་། "མི་ལུས་རིན་ཆེན་ཐོབ་དཀའ་བས། ཚེ་སྲོག་ལ་གཅེས་སྐྱོང་དགོས་པ"ཞེས་པ་སོགས་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཕྱི་ནང་གཉིས་ཀྱི་བོད་རིག་པའི་ཆེད་མཁས་པ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་སློབ་ཡོངས་བཅས་ཁྱོན་བསྡོམས་མི་གྲངས་500ལྷག་ཙམ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།
          ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གསར་འགྲེལ་བགྲོ་གླེང་ཚོགས་འདུའི་དགོངས་དོན་ནི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་སྐུལ་འདེད་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྲུང་སྐྱོང་དང་འཛིན་སྐྱོང་ལ་སྐུལ་སྤེལ་བྱེད་པའི་ཆེད་དུ་ཡིན་ཞེས་བསྟན་པ་རེད།
          བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མ་ཀུན་དགའ་རྒྱལ་མཚན་གྱིས་ནང་བསྟན་སློབ་གླིང་དུ་ལོ་གཉིས་རིང་སློབ་སྦྱོང་བྱས་ཡོད་ལ། ཁོང་གིས་ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པར། འདི་ནི་ཁོ་རང་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གསར་འགྲེལ་བགྲོ་གླེང་ཚོགས་འདུར་ཞུགས་ཐེངས་ཐོག་མ་ཡིན་ལ། ཁོང་གིས་གོ་སྐབས་འདི་དང་བསྟུན་ནས་ས་གནས་ཁག་ནས་ཕེབས་པའི་དགེ་བའི་བཤེས་གཉེན་ཚོ་དང་། བོད་བརྒྱུད་ནང་བསྟན་གྱི་ཆེད་མཁས་པ། མཁས་དབང་ཚོ་དང་སྤེལ་རེས་སློབ་སྦྱོང་བྱེད་འདོད་ཡོད་པ་དང་། དཔྱད་རྩོམ་ཕུལ་བྱུང་ཡང་སྤེལ་གྲབས་ཡོད་ཅེས་བརྗོད་པ་རེད།
           ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་དུས་ཡུན་ཉིན་གཉིས་ཡིན་ལ། ཆེད་མཁས་པ་དང་དབུ་མཛད། སློབ་མ་བཅས་ཁག་གསུམ་དུ་ཕྱེ་ནས་ཚོ་ཆུང་གི་བགྲོ་གླེང་གནང་བ་དང་། དཔྱད་རྩོམ་སྤེལ་རེས། བྱ་དགའ་ཐོབ་པའི་ཕུལ་བྱུང་དཔྱད་རྩོལ་ལ་གཟེངས་བསྟོད་བཅས་བྱས་པ་རེད།
    ༄༅།།བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གསར་འགྲེལ་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་
བོད་ལྗོངས་སུ་འཚོགས་པ།
    ༄༅།།བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་གསར་འགྲེལ་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་
བོད་ལྗོངས་སུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།