འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་ཀན་ལྷོ་ཀྲོའུ་ཡིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་བཏང་བ།

    འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཧའོ་ཡིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མིག་སྔར་ཀན་ལྷོ་ཀྲོའུ་ཡིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་ཤུགས་རྒྱག་ཕྱོགས་གཙོ་བོར་བྱེད་ཀྱི་ཡོད་ཅིང་། ས་གནས་དེ་གས་ཡུལ་སྐོར་ལས་རིགས་གཙོ་ཁྲིད་ཐོན་ལས་སུ་བྱས་ཏེ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་། སྣོད་བཅུད་ཁོར་ཡུག ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ་བཅས་བཟང་སྒྲིག་མཐོར་གཏོང་བྱས་པ་བརྒྱུད་རྟག་ཏུ་ཡུལ་སྐོར་བ་ཡོད་པ་དང་། གང་སར་མཛེས་ལྗོངས་ཁུལ་ཡོད་པ། མི་ཚང་མས་ལས་ཀ་བྱེད་པ་བཅས་ཀྱི་ས་ཁོངས་ཧྲིལ་པོ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།
          ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཀན་ལྷོ་ཀྲོའུ་ནི་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་སེམས་ནང་གི་གནས་མཆོག་ཅིག་རེད། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས་ཀན་ལྷོ་ཀྲོའུ་ནི་འབྲི་ཆུ་རྒྱུག་ཁུལ་དང་རྨ་ཆུ་རྒྱུག་ཁུལ་གཉིས་དང་མཚོ་བོད་ས་མཐོ་དང་ས་གསེར་མཐོ་སྒང་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ཐུན་མོང་མ་ཡིན་པའི་ས་ཁམས་ཆགས་སྟངས་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་མི་ཆོས་ཀྱི་མཛེས་ལྗོངས་ཁུལ་ཞིག་ཆགས་ཡོད། འདི་གར་མུ་མཐའ་མེད་པའི་རྩྭ་ཐང་དང་། ཀྱག་ཀྱོག་གི་ཆུ་བོ། ཡུག་གཅིག་ཏུ་འདྲེས་པའི་རི་བོ་དང་གྲོག་རོང་ཡོད་པ་མ་ཟད། ད་དུང་བརྗིད་རྔམ་ཆེ་བའི་དགོན་པའི་འདུ་ཁང་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གྲོང་ཚོ་ཡང་ཡོད། ཡུལ་སྐོར་དེ་ས་གནས་དེ་གའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཞིང་། 2016ལོར་ཀྲོའུ་དེ་ཡོངས་སུ་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་1000ལས་བརྒལ་བ་དང་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་46.78བྱུང་ཡོད།
          ཐོན་ལས་འཕེལ་རྒྱས་ཆེན་པོ་ཕྱིན་པའི་རྒྱབ་ཏུ་དཀའ་ལས་གཞན་དང་མི་འདྲ་བ་བརྒྱབ་པ་ནི་སྨོས་ཅི་དགོས། ཡུལ་སྐོར་བ་ལ་ལས་མཛེས་ལྗོངས་ཁུལ་འདི་ནས་ཕ་གིའི་བར་གྱི་ལམ་ཐག་རིང་ཞིང་། རླངས་འཁོར་ཆུ་ཚོད་ཁ་ཤས་སྡོད་དགོས་པ་དང་ལྟ་སྐོར་ཆུ་ཚོད་ཕྱེད་ཀ་ལས་བྱེད་ཁོམ་མེད་པར་དུས་ཚོད་ཕལ་ཆེ་བ་ལམ་ཁར་འགོར་གྱི་འདུག་ཅེས་འཁང་ར་བྱེད་པ་དང་། ཡང་ལ་ལས་མཛེས་ལྗོངས་ཁུལ་དུ་གད་སྙིགས་ཀྱིས་ཁེངས་པ་དང་གྱང་སྟེང་དུ་རི་མོ་གང་བྱུང་དུ་བྲིས་པ་ལས་ཡིད་དུ་འོང་བའི་མཛེས་ལྗོངས་ཁུལ་གྱི་མཛེས་སྡུག་ཉམས་པ་དང་གཞན་ཡང་ཞག་སྡོད་བྱེད་སའི་བཟའ་བཏུང་གི་ཆ་རྐྱེན་ཡག་པོ་མི་འདུག་ཅེས་འཁང་ར་བྱེད་ཀྱི་ཡོད།
          གྲངས་འབོར་མང་དུ་བཏང་བ་དང་ཆབས་ཅིག་སྤུས་ཚད་ཀྱི་རིམ་པ་དེ་བས་ཀྱང་མཐོ་རུ་གཏོང་དགོས། ཀན་ལྷོ་ཀྲོའུ་ཡིས་སྤྱི་ལེ་ངོས་གྲུ་ཁྲི་4.5ཡོད་པའི་ས་གཞིའི་སྟེང་རྒྱལ་ཁབ་ཀྱི་ཀ་པ་རིམ་པའི་མཛེས་ལྗོངས་ཁུལ་27དང་དེ་བཞིན“བུ་མོའི་གཟིམ་སྦུག”ལྟ་བུའི་གསང་ལྗོངས་དེ་བས་མང་པོ་ཡོད།
          “གནས”ཁག་ལ་མཛེས་རྒྱན་ལེགས་པར་སྤྲས་ཚེ་ས་ཆ་ཚང་མ་མཛེས་ལྗོངས་ཁུལ་ཡིན། འབྲུག་ཆུ་རྫོང་ཆུ་བར་ཤང་ཁྲེང་མ་གྲོང་ཚོའི་ལིང་པཱ་ཚོགས་ཆུང་ནི་ས་གཤིས་གནོད་འཚེ་བྱུང་རྗེས་གནས་སྤོས་བསྐྱར་སྐྲུན་བྱས་པའི་གྲོང་ཚོ་ཞིག་རེད། འཆར་གཞི་འགོད་པའི་ཐོག་མར་ས་གནས་དེ་གས་རྡོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པའི་ཁྱད་ཆོས་གང་ལེགས་སྤྱད་དེ“རྡོའི་གྲོང་ཚོ”ཞེས་པ་བཏོད་ཡོད། ལིང་པཱ་ཚོགས་ཆུང་དུ་སྐྱོད་སྐབས་བགྲོད་ལམ་གྱི་གཞོགས་གཉིས་སུ་ལོ་འཁོར་བཅུ་གཉིས་ཀྱི་རྡོ་བརྐོས་གཟུགས་བརྙན་གྲལ་སྟར་སྒྲིག་པོར་བསྒྲིགས་ཡོད་པ་དང་གྱང་སྟེང་དུ་ཡོད་པའི་རྡོ་ལས་གྲུབ་པའི་རི་མོ་སྣ་ཚོགས་འདྲེན་བྱེད་ལམ་དུ་ལྷག་པར་མཛེས། ཁྲེང་མ་གྲོང་ཚོའི་ཀྲུའུ་རེན་ཝང་སེན་གྱིས་གྲོང་ཚོ་མཛེས་པོ་ཆགས་པ་ཙམ་མ་ཟད། ད་དུང་མཛེས་ལྗོངས་ཁུལ་དུའང་གྱུར་པས་ང་ཚོའི་གྲོང་ཚོའི་རྡོའི་རིག་གནས་མྱོང་རོལ་བྱེད་པར་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་གི་འདུག་ཅེས་བཤད།
          མཛེས་ལྗོངས་ཁུལ་དང་གྲོང་ཚོ་ནི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ཆེས་གཞི་རྩའི་གཞི་རྒྱུ་ཞིག་ཡིན། ཀན་ལྷོ་ཀྲོའུ་ཡིས་ཡུལ་སྐོར་གྱི་བགྲོད་ལམ་གཙོ་བོའི་ཐོག་ལྗོངས་གཟིགས་སྒང་52བཙུགས་ནས་ཡུལ་སྐོར་བར་ལམ་བར་དུ་མཛེས་ལྗོངས་ལ་ལྟ་བ་དང་དྲན་རྟེན་པར་རྒྱག་པར་སྟབས་བདེ་བསྐྲུན་ཡོད། མུའུ་ཁྲི་ཡི་པད་ཞིང་མཛེས་ལྗོངས་ཁུལ་གྱི་ཁྱམས་རིང་དང་ས་མཐོའི་མེ་ཏོག་གི་ལྗོངས་གཟིགས་ཁུལ་བཏོད་ནས་མཛེས་ལྗོངས་དེ་མཛེས་ལྗོངས་ཁུལ་དུ་བསྒྱུར་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱས་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་བཏོད་ནས་གྲོང་ཚོ་ཚང་མར་ཁྱད་ཆོས་ལྡན་པ་དང་གྲོང་ཚོ་ཚང་མ་མཛེས་ལྗོངས་ཁུལ་དུ་བསྒྱུར་ཡོད།
          ཀན་ལྷོ་ཀྲོའུ་ཡིས་མཛེས་ལྗོངས་ཁུལ་གྱི་བར་མཐོངས་བཀོད་སྒྲིག་བྱེད་སྟངས་བཟང་སྒྲིག་བྱས་ཏེ་མཛེས་ལྗོངས་ཁུལ་གཙོ་བོའི་རྨང་གཞིའི་འདེགས་སྐྱོར་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཞིང་། ཡུལ་སྐོར་དེ་རིག་གནས་དང་། ཞིང་ལས། ལུས་རྩལ་སོགས་ཐོན་ལས་དང་མཉམ་འདྲེས་ཧུར་ཐག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐོན་རྫས་གསར་པ་གསར་སྤེལ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱས་པ་དང་། ཡུལ་སྐོར་ལས་རིགས་ཀྱིས་ཀྲོའུ་ཡོངས་ཀྱི་GDPལ་ཕྱོགས་བསྡུས་ལེགས་སྐྱེས་འབུལ་ཚད་15%ཟིན་ཡོད།
          གནས་ཐིག་ངོས་གསུམ་ཟུང་འབྲེལ་བྱས་པས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རགས་ཙམ་ཆགས་པ། དེང་གི་ཀན་ལྷོ་ཀྲོའུ་ཡི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཡུལ་སྐོར་བ་བུང་བའི་ཚོགས་བཞིན་འཁོར་གྱི་ཡོད། 2017ལོའི་ཟླ་བ་དང་པོ་ནས་ཟླ་བ་ལྔ་པ་བར་ཀྲོའུ་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་327.75ལ་སྣེ་ལེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་21.27%འཕར་བ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་15.01ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་24.8%འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།