འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་
    མཛད་སྒོ་པེ་ཅིང་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་ཚེས་7ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། མཛད་སྒོ་སྤེལ་འགོ་ཚུགས་ཡོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་ཚོགས་པས་《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་》དཀྲོལ་གཏོང་བྱས་པ་དང་ཆབས་ཅིག་ཚོགས་ར་ཡོངས་ཀྱི་མི་ཚང་མས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད། དེ་རྗེས་ཚོགས་ར་ཡོངས་སུ་ཚང་མས་གུས་སྟབས་ཀྱིས་ལངས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ཁྲོད་ཞུམ་པ་མེད་པར་རང་སྲོག་བློས་གཏོང་མཁན་གྱི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་མ་ཟད། ལས་རིགས་ཁག་གི་གཞོན་ནུའི་འཐུས་མི་ཚོས་དམ་བཅའ་ཡང་བཞག་པ་རེད།
          ལིའུ་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས།1937ལོའི་ཟླ་7ཚེས་7ཉིན། རི་པིན་བཙན་འཛུལ་པས་1931ལོར་རང་རྒྱལ་གྱི་བྱང་ཤར་ལ་བཙན་འཛུལ་བྱེད་པའི“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་བསླངས་རྗེས་སླར་ཡང་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ལུའུ་ཀོའུ་ཟམ་པའི་དུས་འགྱུར་རྐང་བཙུགས་ནས་བསླངས་པ་དང་ཆབས་ཅིག ཕྱོགས་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་མངོན་སུམ་འཛེམ་མེད་ངང་བསླངས་ནས་ཀྲུང་གོ་ཡོངས་ཁྱུར་མིད་གཏོང་རྒྱུའི་རེ་ངན་བཅངས་ཡོད། ཀྲུང་ཧྭ་མི་རིགས་ལ་ཆགས་འཇིག་གི་ཉེན་ཁ་ཚབས་ཆེན་འཕྲད་པའི་འགག་རྩའི་དུས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཀྱི་བདེན་དོན་ལ་བརྟེན་ནས་མི་རིགས་འཇིག་ཉེན་ལས་སྐྱོབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕྲག་ཐོག་ཏུ་བླངས་ནས་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟ་བུའི་ནུས་པ་བཏོན་ཡོད་ཅེས་གསུངས་པ་རེད།
         ལིའུ་ཡུན་ཧྲན་གྱིས་དུས་ཡུན་ལོ་14ཡི་དཀའ་སྤྱད་ཚད་མེད་བརྒྱུད་པའི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་མི་རིགས་རྨོངས་གཉིད་ལས་སད་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བའི་དམག་འཁྲུག་ཅིག་དང་། རྒྱལ་ཁབ་ཀྱི་གནས་བབ་དང་མི་རིགས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་དམག་འཁྲུག་ཅིག མིའི་རིགས་ཀྱི་དྲང་བདེན་དང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་དམག་འཁྲུག་ཅིག་བཅས་རེད་ཅེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།