འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་རྟགས་ཅན་གནམ་ཐང་གྲུ་གཟིངས་ཀྱི་དཔུང་རུ་ཤང་ཀང་དུ་འབྱོར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་གྱི་ཞོགས་པ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་ལེའོ་ཉིང་རྟགས་ཅན་གནམ་ཐང་གྲུ་གཟིངས་ཀྱི་དཔུང་རུ་ཤང་ཀང་གི་མཚོ་ཁོངས་སུ་འབྱོར་ཞིང་། གནམ་ཐང་གྲུ་གཟིངས་ཀྱི་དཔུང་རུ་ཉིན་5བསྟུད་མར་ཤང་ཀང་དུ་བསྡད་ནས་ཤང་ཀང་མེས་རྒྱལ་པང་དུ་ལོག་ནས་ལོ་20འཁོར་བ་དང་བཅིངས་འགྲོལ་དམག་ཤང་ཀང་དུ་བཅའ་སྡོད་བྱས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་མ་ཟད། ད་དུང་ཚེས་8དང་ཚེས་9ཉིན་གནམ་ཐང་གྲུ་གཟིངས་དཔུང་རུས་ཤང་ཀང་གི་གྲོང་མི་ཚོར་སྒོ་མོ་ཕྱེ་ནས་ལྟ་སྐོར་དུ་གཏོང་རྒྱུ་ཡིན་པ་རེད། ཤང་ཀང་དུ་བཅའ་སྡོད་བཅིངས་འགྲོལ་དམག་གི་དཔུང་སྡེས་ཨང་ཁྲོན་ཀྲོའུ་དམག་སྒར་དུ་གནམ་ཐང་གྲུ་གཟིངས་དཔུང་རུ་ཤང་ཀང་དུ་འབྱོར་བར་དགའ་བསུ་གཟབ་རྒྱས་ཞུ་བའི་མཛད་སྒོ་འཚོག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།