འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ཏེ་ཁང་སའི་
    བདག་དབང་གཏན་འཁེལ་ཐོ་འགོད་བྱེད་སྐབས་གན་ཁྲལ་བསྡུ་རྒྱུ་མིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》གྱི་བླང་བྱ་དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱ་ཆེད། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་བརྡ་ཐོ་བཏང་སྟེ་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་བྱས་རྗེས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་དབང་བའི་དེ་སྔའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ས་ཞིང་དང་ཁང་པའི་བདག་དབང་ལ་གན་ཁྲལ་མི་བསྡུ་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་དེ་བཞིན་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཚབ་བྱས་ནས་འགན་ནུས་ལག་ལེན་བསྟར་མཁན་གྱི་གྲོང་མི་ཨུ་ལྷན་དང་གྲོང་མིའི་ཚོགས་ཆུང་གི་རྒྱུ་དངོས་གཙང་བཤེར་བྱས་ནས་མཉམ་སྡེབ་ཀྱི་རྒྱུ་ནོར་ཚུར་བླངས་རྗེས་དབང་བའི་ས་ཞིང་དང་ཁང་པའི་བདག་དབང་ལ་གན་ཁྲལ་མི་བསྡུ་བ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་དེ་བཞིན་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཚབ་བྱས་ནས་འགན་ནུས་ལག་ལེན་བསྟར་མཁན་གྱི་གྲོང་མི་ཨུ་ལྷན་དང་གྲོང་མིའི་ཚོགས་ཆུང་གི་རྒྱུ་དངོས་གཙང་བཤེར་བྱས་ནས་མཉམ་སྡེབ་རྒྱུ་ནོར་ཚུར་བླངས་རྗེས་བཞག་པའི་བདག་དབང་བརྗེ་སྒྱུར་གྱི་དཔང་ཡིག་ལ་རིས་སྦྱར་དཔྱ་ཁྲལ་མི་བསྡུ་བ། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་གི་བདག་དབང་དང་། ཁང་ས་དང་མཉམ་སྡེབ་འཛུགས་སྐྲུན་ས་སྤྱོད་ཀྱི་བེད་སྤྱོད་དབང་ཆ། ས་སྟེང་ཁང་པའི་བདག་དབང་གཏན་འཁེལ་ཐོ་འགོད་བཅས་བྱེད་པར་གན་ཁྲལ་མི་བསྡུ་བ་བཅས་གསལ་པོ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།