འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་བསྟན་དོན་2020ལོར་སླེབས་སྐབས་རང་རྒྱལ་གྱི་གྲོང་
    གསེབ་གསང་སྤྱོད་ཀྱི་བཙོག་ཆུ་གཙང་སེལ་བྱེད་ཚད་70%ཡན་ཟིན་པ་བྱ་རྒྱུ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་ཆེ་མོ་བ་ཀྲའོ་ཧུའེ་ཡིས་གྲོང་གསེབ་གསང་སྤྱོད་ཀྱི་བཙོག་ཆུ་གཙང་སེལ་བྱ་རྒྱུ་དེ་དམིགས་ཚད་ཨང་དང་པོར་བརྩིས་ནས་རང་རྒྱལ་གྱི་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་རིམ་པ་བཞིན་སྐུལ་འདེད་བཏང་སྟེ་2020ལོར་སླེབས་སྐབས་རང་རྒྱལ་གྱི་གྲོང་གསེབ་གསང་སྤྱོད་ཀྱི་བཙོག་ཆུ་གཙང་སེལ་བྱེད་ཚད་70%ཡན་ཟིན་པའི་དམིགས་ཚད་ལོན་པ་བྱེད་དགོས་ཞེས་བཤད་པ་རེད།
          ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་དུ་་འཚོགས་པའི་རྒྱལ་ཡོངས་ཀྱི་གསང་སྤྱོད་བཙོག་ཆུ་གཙང་སེལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཀྲའོ་ཧུའེ་ཡིས་རང་རྒྱལ་གྱི་གྲོང་གསེབ་བཙོག་ཆུ་གཙང་སེལ་ལ་རིམ་པ་བཞིན་སྐུལ་འདེད་བརྟན་པོ་གཏོང་དགོས་པ་དང་། མིག་སྔར་གཙོ་གནད་ནི་གསང་སྤྱོད་སྒྱུར་བཀོད་དང་གསང་སྤྱོད་བཙོག་ཆུ་གཙང་སེལ་ཡག་པོ་བྱ་རྒྱུ་དེ་ཡིན། དེའི་རྨང་གཞིའི་ཐོག་གསང་སྤྱོད་དང་། ཐབ་ཚང་། འཁྲུད་ཁང་སོགས་ཚུད་པའི་གྲོང་གསེབ་ཀྱི་བཙོག་ཆུ་སྤྱི་ཡོངས་གཙང་སེལ་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་ཞེས་བཤད་པ་རེད།
          གྲོང་གསེབ་གསང་སྤྱོད་ཀྱི་བཙོག་ཆུས་འཚོ་བའི་བཙོག་ཆུའི་བཟུང་ཚད་མཐོ་པོ་མེད་མོད། འོན་ཀྱང་སྦགས་བཙོག་ཐེབས་ཚད་ཀྱིས་འཚོ་བའི་བཙོག་ཆུའི་སྦགས་བཙོག་གི་90%བཟུང་ཡོད། གྲོང་གསེབ་གསང་སྤྱོད་ཀྱི་བཙོག་ཆུ་གཙང་སེལ་བྱེད་པ་དེས་གྲོང་གསེབ་ཀྱི་སྦགས་བཙོག་ཡོང་ཁུངས་གཙོ་བོ་ཞིག་མེད་པ་བཟོས་ཏེ་ཞིང་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱེད་ཐུབ། ཚད་གཞིར་སླེབས་པའི་གསང་སྤྱོད་ཀྱི་བཙོག་ཆུ་གཙང་སེལ་བྱེད་པར་ཆ་སྙོམས་དུད་ཚང་རེ་ནས་སྒོར་1000ལྷག་ཙམ་གཏོང་དགོས་ཀྱི་ཡོད་པ་དེ་འགྲོ་གྲོན་མཐོ་པོ་མེད་པ་དང་ལག་བསྟར་ཐུབ་ལ་རྒྱུན་བསྐྱངས་ཐུབ་པས་ཞིང་པའི་དགའ་བསུ་ཐོབ་ཚད་མཐོ་པོ་ཡོད་པ་ཧྲན་ཏུང་སོགས་ས་ཆའི་ལག་ལེན་ལས་ར་འཕྲོད་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་རྒྱལ་ཡོངས་ནས་རྫོང་(གྲོང་ཁྱེར་དང་ཆུས)100བདམས་ཏེ་དཔེ་སྟོན་ལས་དོན་སྤེལ་བ་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལག་རྩལ་དང་། འཛུགས་སྐྲུན། འཁོར་རྒྱུག་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཙུགས་ཡོད། མིག་སྔར་རྫོང་བརྒྱའི་དཔེ་སྟོན་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་། 2016ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་ཚད་20%ཟིན་ནས་འཕར་ཚད“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ཆ་སྙོམས་ལོ་རེའི་འཕར་ཚད་ཀྱི་ལྡབ་3ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།