འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་ཐོག་གི“མཚན་མོ་མེད་པའི་ཚྭ་མཚེའུ་གྲོང་ཁྱེར”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ནོར་གཞོང”ཞེས་བརྗོད་པའི་ཚྭ་མཚོ་དཀར་མོ་དེ་མཚོ་བོད་ས་མཐོའི་ཚྭ་འདམ་གཤོངས་སའི་ལྷོ་རྒྱུད་དུ་གནས་པ་དང་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་5856ཟིན་གྱི་ཡོད། དེ་ནི་ཀྲུང་གོའི་བཞུ་རུང་བའི་ཅཱ་རྨེ་ཚྭའི་གཏེར་ཕུང་ཆེ་ཤོས་ཡིན་ལ། འཛམ་གླིང་ཐོག་གི་ཚྭ་མཚེའུ་ཆེ་ཤོས་གྲས་ཀྱང་ཡིན། དེའི་ནང་ནཱ་དང་། མཱེ། ཅཱ། ལིས་བཅས་ཀྱི་གསོག་ཚད་ཀྲུང་གོའི་ནང་ནས་མང་ཤོས་ཡིན།
          དབྱར་དུས་སུ་སླེབས་པའི་དབུས་རྒྱུད་ས་གཞི་ཆེན་པོར་ལྕང་མ་དག་སྔ་ས་ནས་ཡལ་ག་དང་ལོ་འདབ་རྒྱས་ཀྱང་གོར་མོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་ལྔ་བཅུ་ཙམ་ཡོད་པའི་ཚྭ་མཚོ་དཀར་མོའི་ཉེ་འཁོར་དུ་ད་དུང་མཐའ་ཡས་ཀྱི་བྱེ་ཐང་ཡིན།
          བཞའ་སྐམ་འཁོར་ཁང་གི་ལས་རོགས་གཅིག་པ་ཡིན་པའི་ལག་རྩལ་པ་ལི་དབྱིང་ཧྥུང་གིས་ང་སི་ཁྲོན་ཁྲེང་ཏུའུ་ནས་ཡིན་པས་ཐོག་མར་དེར་འབྱོར་སྐབས་ས་མཐོའི་བྱེ་ཐང་གི་ཁོར་ཡུག་འཕྲོད་ཀྱི་མིན་འདུག དེ་ནས་དུས་སྐབས་ཤིག་སོང་རྗེས་ལུས་པོ་བདེ་རུ་སོང་ལ། ལས་རོགས་དང་འཆམ་པོ་བྱུང་བས་ལས་ཀ་བྱེད་སྐབས་སྐྱིད་པོ་འདུག དུས་ཚོད་ནི་མིག་ལྡེབ་དབང་ཙམ་ཞིག་རེད་ཅེས་པའི་དཔེ་ལྟར་ལོ་ཟླ་དྲུག་ཡུད་ཙམ་ཞིག་ལ་སོང་ནས་ཚྭ་མཚེའུ་དེ་སྔ་ས་ནས་རང་ཉིད་ཀྱི་ཁྱིམ་ལྟ་བུར་གྱུར་སོང་། ཚྭ་མཚེའུ་གསར་སྤེལ་ཡག་པོ་བྱེད་ཐུབ་རྒྱུ་བྱུང་ན། བྱེ་མ་དང་ཚྭ་ག་ཚོད་བཟའ་དགོས་བྱུང་ཡང་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་བཤད།
          དཀའ་ངལ་ལ་མི་སྐྲག་པར་གསར་འབྱེད་གསར་གཏོད་བྱེད་པ་ནི་མི་རབས་ཁ་ཤས་ཀྱིས་ཚྭ་མཚེའུ་རུ་རྩ་བ་ཚུགས་ནས་མཉམ་དུ་བཏོད་པའི་སྙིང་སྟོབས་རེད། ཚྭ་མཚེའུ་ཡི་ལྕགས་རིགས་མཱེ་བཟོ་གྲྭ་དེ་མཚོ་སྔོན་གྱི་གཞུང་ཁོངས་ཁེ་ལས་ཆེ་གྲས་ཡིན་པའི་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་(ཚྭ་མཚེའུ་མ་རྐང)ཁོངས་སུ་གཏོགས་པ་དང་ཀུང་སི་དེ་ནི་1958ལོར་བཙུགས་པའི“མཚོ་སྔོན་ཅཱ་ལུད་བཟོ་གྲྭ”ལས་བྱུང་བ་ཞིག་རེད།
          ཚྭ་མཚེའུ་བ་མི་རབས་ཁ་ཤས་ཀྱིས་ལོ་59ཡི་རིང་འབད་བརྩོན་བྱས་པ་བརྒྱུད། དེ་གོང་ལག་འདྲུ་ཕྲག་འཁུར་བྱེད་པ་ནས་ད་ལྟ་ཅཱ་གཏེར་འདེམས་སྔོག་གི་ལག་རྩལ་གསར་རྐྱང་རབ་དང་རིམ་པ་རང་རྟོགས་ཞིབ་བཟོ་བྱེད་པའི་བར་དང་ཅཱ་ལུས་གསར་སྤེལ་གཞི་ཁྱོན་ཏུན་ཁྲི་100ཡི་ཐོག་ནས་ཞབས་འདེགས་ལོ་30ཞུས་པ་ནས་ཏུན་ཁྲི་500ཡི་ཐོག་ནས་ཞབས་འདེགས་ལོ་50ཞུ་བའི་བར་ཀྲུང་གོའི་ཅཱ་ལུད་བཟོ་ལས་རྟེན་གཞི་ཆེ་ཤོས་དེ་བསྐྲུན་ཡོད།
          མུན་པ་རིམ་བཞིན་རུབ་རྗེས་ལོ་30ལ་སླེབས་པའི་ལྕགས་རིགས་མཱེ་ཡི་རྣམ་གྲངས་ཐོན་སྐྱེད་ཀྱི་སྤྱི་ཁྱབ་བཀོད་འདོམས་ལྟེ་གནས་ཀྱི་བཀོལ་སྤྱོད་པ་ཙེང་ལིང་སྔ་ས་ནས་ཡན་ལག་བཟོ་གྲྭའི་ཐོན་སྐྱེད་གནས་ཚུལ་ལ་སྐོར་ཞིབ་བྱེད་པར་སླེབས་ཡོད། ཁོང་གིས་སྤྱི་ཁྱབ་བཀོད་འདོམས་ལྟེ་གནས་སུ་བསྡད་དེ་ཡན་ལག་བཟོ་གྲྭ་ཁག་དང་སྦྲེལ་མཐུད་བྱས་པའི་ཀྲུང་དབྱང་ཚོད་འཛིན་བརྙན་ཤེལ་བརྒྱུད་སྒུལ་རྣམ་དེ་མ་ཉིད་དུ་ཤེས་རྟོགས་བྱེད་པ་དང་འབྲེལ། ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་རིག་ནུས་དབྱེ་ཞིབ་དང་སྟངས་འཛིན་བྱེད་ཀྱི་ཡོད།
          ཚྭ་མཚེའུ་མ་རྐང་མཱེ་ལས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཅིའུ་ལིན་གྱིས་ད་ལྟའི་ལྕགས་རིགས་མཱེ་གཞི་གཅིག་ཅན་གྱི་རྣམ་གྲངས་དེ་སྒྲིག་ཆས་ཚོད་ལྟ་བྱེད་པའི་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད། ལོ་སྨད་དུ་ཐོན་སྐྱེད་བྱེད་ཐུབ་རྒྱུ་རེད། སྐབས་དེ་དུས་འཛམ་གླིང་ཐོག་ལྕགས་རིགས་མཱེ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད།
         ས་རྦད་དེ་རུབ་ཀྱང་རླངས་སྙིགས་འབར་བཞིན་པའི་དཔལ་འབར་དང་ལས་སྒྲུབ་བཟོ་གྲྭའི་གློག་སྒྲོན་སྔར་བཞིན་ཁྲ་ཆིལ་ཆིལ་དུ་འབར་ནས་མཚོ་བོད་ས་མཐོའི་ཐོག་གི“མཚན་མོ་མེད་པའི་ཚྭ་མཚེའུ་གྲོང་ཁྱེར”དུ་གྱུར་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།