འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མ་འོངས་ལོ་3རིང་རང་རྒྱལ་གྱི་གློག་ཤུགས་འདོན་སྤྲོད་དང་དགོས་མཁོ་རྒྱུན་མཐུད་ངང་
    འབེལ་དུ་འགྲོ་རྒྱུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་09ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གློག་ཤུགས་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་ཉེ་ཆར། ཡོངས་བསྒྲགས་བྱས་པའི་《2016ལོའི་ཀྲུང་གོའི་གློག་ཤུགས་འཕེལ་རྒྱས་ཀྱི་སྙན་ཞུའི་》ནང་། གློག་ཤུགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཏོན་པའི་གློག་ཁུངས་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་དང་། རང་སྐྱོང་ལྗོངས་དང་ཞིང་ཆེན་ལས་བརྒལ་བའི་གློག་ཤུགས་བརྗེ་རེས་ཀྱི་གཞི་ཁྱོན་དང་། དེ་བཞིན་རྡོ་སོལ་དང་གློག་ཚོད་འཛིན་གྱི་དམིགས་ཚད་ལ་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ཏེ་ཚོད་དཔག་བྱས་ན། མ་འོངས་ལོ་3རིང་རང་རྒྱལ་གྱི་གློག་ཤུགས་འདོན་སྤྲོད་དང་དགོས་མཁོ་སྤྱིའི་ཆ་ནས་རྒྱུན་མཐུད་ངང་འབེལ་དུ་འགྲོ་རྒྱུའི་རྣམ་པ་མངོན་ཡོད་ཅེས་འཁོད་ཡོད། 2019ལོར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དེ་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་ཁྲི་6.65ནས་དུང་ཕྱུར་ཁྲི་6.93བར་ཟིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།