འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་གི་གཞོན་ནུ་བོད་དུ་བསྐྱོད་པའི་སྐོར་གྱི་ཟུར་བྲིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཤང་ཀང་གི་མཐོ་སློབ་དྲུག་གི་གཞོན་ནུ་སུམ་ཅུ་ཙམ་ཕྱིར་དྲན་ཟབ་མོ་ལྡན་པ་དང་ཞེན་ཆགས་ཀྱི་སྒོ་ནས་བོད་ནས་གྱེས།
            ཐོག་མར་བོད་དུ་སླེབས་པའི་ཤང་ཀང་གི་གཞོན་ནུ་རྣམས་ལ་མཚོན་ན། ཕོ་བྲང་པོ་ཏ་ལ་དང་། ཡར་འབྲོག་གཡུ་མཚོ། ཁ་རི་ལ་འཁྱགས་རོམ་སོགས་མཛེས་ལྗོངས་གྲགས་ཅན་དག་ཁོ་ཚོའི་ཕྱིར་དྲན་བྱ་ཡུལ་གཙོ་བོ་ཞིག་ཏུ་ངང་གིས་གྱུར།
            འོན་ཀྱང་དེ་ནི་ཁོ་ཚོའི་ཕྱིར་དྲན་ཡོད་ཚད་མིན།
            ཤང་ཀང་གྲོང་ཁྱེར་སློབ་ཆེན་གྱི་བརྡ་ཆ་རིག་པའི་ལོ་རིམ་དང་པོའི་སློབ་མ་དབྱང་ཐེན་ཁྲེང་ལ་མཚོན་ན་བོད་ཟས་ཀྱི་རོ་བཅུད་ནི་བརྗེད་དཀའ་བ་ཞིག་རེད།
            ཤང་ཀང་ཡོངས་བསྒྲགས་སློབ་ཆེན་གྱི་སྨན་ཞབས་ཚན་ཁག་གི་ལོ་རིམ་གཉིས་པའི་སློབ་མ་ཧོང་ཧྲུའུ་ཤིན་ལ་མཚོན་ན། བོད་ལུགས་གསོ་རིག་དང་བོད་སྨན་ཐད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་འཛིན་པ་དགའ་བས་བོད་ལྗོངས་གསོ་རིག་སློབ་གླིང་དུ་མོ་རང་ལ་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གི་གནས་ལུགས་མི་འདྲ་ཚུལ་བརྗོད་པ་བརྗེད་མི་སྲིད།
          ཤང་ཀང་ཧྲུའུ་རེན་སློབ་ཆེན་གྱི་ཁྲོམ་ར་ཆེད་ལས་ཀྱི་ལོ་རིམ་གསུམ་པའི་སློབ་མ་ཧོང་ཚུའེ་ལིན་གྱིས་ཡར་འབྲོག་གཡུ་མཚོའི་འགྲམ་དུ་ཆ་རྒྱུས་མེད་པའི་མིའི་དབར་ཕན་ཚུན“བཀྲ་ཤིས་བདེ་ལེགས”ཞུ་བ་ནམ་ཡང་བརྗེད་ག་ལ་སྲིད།
           ཤང་ཀང་ཡོངས་བསྒྲགས་སློབ་ཆེན་གྱི་དོ་དམ་རིག་པའི་ལོ་རིམ་གསུམ་པའི་སློབ་མ་ཏེང་ཨེ་ལིང་གིས་བོད་ཀྱི་ན་མཉམ་དབར་གྱི་མཛའ་བརྩེ་གླེང་སྐབས“ང་ཚོ་ཕན་ཚུན་སྐད་ཆ་ཚིག་ཁ་ཤས་ལས་བཤད་མ་མྱོང་ཡང་། ཁོང་ཚོས་ངའི་ལག་པར་འཐམས་ནས་སྐྱེལ་མ་བྱས་བྱུང”ཞེས་བཤད།
            བག་ཆགས་ཟབ་ཤོས་ནི་བོད་དུ་དངོས་སུ་འབྱོར་དུས་སྔོན་ཆད་བརྗོད་པ་དང་མི་འདྲ་བའི་ཚོར་སྣང་མང་པོ་བྱུང་བ་དེ་རེད།
            “སྔོན་བོད་ཀྱི་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པས་ནང་སའི་མི་ཐོག་མར་སླེབས་དུས་དབུགས་འབྱིན་རྔུབ་ཁག་པོ་ཡོད་ཟེར་ཡང་། ང་འདིར་སླེབས་སྐབས་མཁའ་རླུང་གཙང་ལ་ཧ་ཅང་སྐྱིད་སྣང་དོད་པོ་འདུག”ཅེས་ཤང་ཀང་ཚན་རྩལ་སློབ་ཆེན་གྱི་རྩིས་གཉེར་ཆེད་ལས་ཀྱི་ལོ་རིམ་གསུམ་པའི་སློབ་མ་ལིའོ་ཀང་ལིས་བརྗོད།
           ཉེ་བའི་ལོ་ཤས་རིང་། ཤང་ཀང་གི་གཞོན་ནུ་མང་པོར་མིག་མཐོང་ལག་འཛིན་གྱི་མྱོང་བ་བྱུང་ནས་བོད་ཀྱི་བག་ཆགས་ལ་འགྱུར་བ་བྱུང་ཡོད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སློབ་གྲྭ་པུའུ་ནས་ངོ་སྤྲོད་བྱས་པ་ལྟར་ན། 2003ལོ་ནས་བཟུང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ཤང་ཀང་རོལ་རྩེད་དོ་ར་མཐུན་ཚོགས་ཀྱིས་བོད་ལྗོངས་དང་ཤང་ཀང་གི་གཞོན་ནུ་ལོ་ཆུང་དབར་འཚམས་འདྲི་སྤེལ་རེས་ཀྱི་ལམ་སྲོལ་མཉམ་དུ་བཟོས་ནས་ད་བར་ཞུགས་མཁན་གཞོན་ནུ་ལོ་ཆུང་བདུན་བརྒྱ་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།