འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཚན་ཞིབ་ཚོགས་པས་ཉིང་རྡུལ་འགྱེད་འཕྲོ་འགོག་ནུས་པའི་འཕྲུལ་མི་རང་རྟེན་ཞིབ་
    འཇུག་གསར་གཏོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་འོད་གློག་ལག་རྩལ་ཞིབ་འཇུག་སུའོ་དང་། ལྷོ་ནུབ་ཚན་རྩལ་སློབ་ཆེན། ཀྲུང་གོ་ལས་གྲྭ་དངོས་ཁམས་ཞིབ་འཇུག་ཁང་བཅས་ཀྱིས་ལོ་གཉིས་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་མཉམ་འབྲེལ་ཐོག་ཉིང་རྡུལ་འགྱེད་འཕྲོ་འགོག་ནུས་པའི་འཕྲུལ་མི་ཞིབ་འཇུག་གསར་གཏོད་བྱས་པ་དང་། འཕྲུལ་མི་འདི་དག་ལས་འགྱེད་འཕྲོ་ཆེ་བའི་ཁོར་ཡུག་ཁྲོད་བློས་འགེལ་ཆོག་པའི་འཕྲིན་གཏོང་དང་འགྱེད་འཕྲོ་འགོག་རགས་སྲ་བརྟན་སོགས་ཉིང་རྡུལ་དུ་སྤྱོད་པའི་འཕྲུལ་མིའི་འགག་རྩའི་ལག་རྩལ་གྱི་འགག་གནད་བསལ་བ་མ་ཟད། ཉེ་ཆར་2016ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
           ཞིབ་འཇུག་གསར་གཏོད་ཚོགས་པའི་འགན་འཁུར་བ། ཀྲུང་གོ་ཚན་རིག་ཁང་འོད་གློག་ལག་རྩལ་ཞིབ་འཇུག་སུའོ་ཡི་མཐོ་རིམ་བཟོ་བཀོད་པ་ཧྥེང་ཁྲང་གིས་ངོ་སྤྲོད་བྱས་དོན། འཕྲུལ་མིའི་ཐོན་རྫས་ཞིབ་འཇུག་གསར་གཏོད་བྱེད་པའི་ཁྲོད་སྔར་བས་གོ་ཆོད་པ་དང་བློས་འགེལ་ཆོག་པ་ཡོང་ཆེད་སུའོ་དེས་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཉིང་གློག་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་མཉམ་ལས་དམ་ཟབ་བྱས་ཤིང་། ཉིང་རྡུལ་གློག་ཁང་དུ་གནད་ལ་འཕིགས་པའི་ཐིག་ཚད་འབྲི་བ་དང་། ཁོར་ཡུག་གི་དཔྱད་གྲངས་ལ་གནད་ལ་འཕིགས་པའི་ཚད་འཇལ་བ། དོན་དངོས་ཀྱི་བཀོལ་སྤྱོད་བརྒྱུད་རིམ་ལ་ཞིབ་ཚགས་ཤིང་གཏིང་ཟབ་པའི་ཤེས་རྟོགས་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།