འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་མ་རྨོས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་3000ཉུང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ན་ནིང་རང་རྒྱལ་གྱིས་བྱང་ཤར་གྱི་ཞིང་ཆེན་གསུམ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་མ་རྨོས་ལོ་ཏོག་གནས་སྐབས་བསྡུ་ཉར་སྲིད་ཇུས་དེ་ཉིད་ཁྲོམ་ར་ཅན་གྱི་བསྡུ་ཉོ་ཁ་གསབ་སྲིད་ཇུས་གསར་པར་སྙོམས་སྒྲིག་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་དང་ས་གནས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། སྒྱུར་བཅོས་འདིའི་དམག་འཐབ་དང་པོར་རྒྱལ་ཁ་ཐོབ་སྟེ་མ་རྨོས་ལོ་ཏོག་གི་རིན་གོང་ཁྲོམ་རས་ཐག་གཅོད་པར་བྱས་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་བསྡུ་ཉར་ཁོ་ན་ནས་ཁྲོམ་རའི་བསྡུ་ཉར་བར་འགྱུར་རྒྱུ་མངོན་འགྱུར་བྱུང་བ་དང་སྦྲགས། ཞིང་ལས་འདེབས་ཁྱོན་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཀྱང་ཐེབས་ཡོད་པ་རེད། འདི་ལོའི་ཟླ་4ཚེས་30ཉིན་བར་ཏུ། བྱང་ཤར་ས་ཁུལ་གྱི་གསར་ཐོན་མ་རྨོས་ལོ་ཏོག་རིམ་རྩིས་བརྒྱབ་ན་རྒྱ་མ་དུང་ཕྱུར་2038བསྡུ་ཉོ་བྱས་ནས་བསྡུ་ཉོ་ལས་དོན་ལེགས་འགྲུབ་བྱུང་ཡོད་པ་རེད།
          བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོར་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་ས་བོན་འདེབས་ཁྱོན་མུའུ་ཁྲི་3000ཉུང་དུ་བཏང་བ་དེ་ནི་ཉེ་བའི་ལོ་13རིང་གི་ཉུང་འཕྲི་བྱེད་ཐེངས་དང་པོ་ཡིན་ལ། ཉུང་དུ་བཏང་ཚད་ལོ་འགོར་གཏན་འཁེལ་བྱས་པའི་མུའུ་ཁྲི་1000ཡི་དམིགས་ཚད་ལས་བརྒལ་ཡོད་པ་དང་། སྲན་ཆེན་འདེབས་ཁྱོན་མུའུ་ཁྲི་1044མང་དུ་བཏང་བར་ཐོན་འབབ་རྒྱ་མ་དུང་ཕྱུར་23འཕར་བ། དཀྱུས་འབྲུ་འདེབས་ཁྱོན་མུའུ་ཁྲི་700ལྷག་ཙམ་མང་དུ་བཏང་བར་ཐོན་འབབ་རྒྱ་མ་དུང་ཕྱུར་40ལྷག་ཙམ་འཕར་བ། ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་160ལྷག་ཙམ་མང་དུ་བཏང་བར་ཐོན་འབབ་རྒྱ་མ་དུང་ཕྱུར་10འཕར་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།