འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱས་པས་མི་ཁྲི་5564དབུལ་ཕོངས་ལས་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་25ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། “ལོ་ལྔའི་གོང་གྲོང་ཚོའི་ནང་སོ་ཕག་ཁང་པ་དང་གྱང་གོག་ཧྲུལ་གང་སར་མཐོང་རྒྱུ་ཡོད་པ་དང་གྲོང་མི་མང་པོའི་འཚོ་བར་དཀའ་ཚེགས་ཆེན་པོ་ཡོད། གནད་སྨིན་དབུལ་སྐྱོར་བྱས་ཚུན་དུད་ཚང་དབུལ་པོས‘དབུལ་སྐྱོར་ལུག’གསོ་བ་དང་། ‘དབུལ་སྒྲོལ་ཤིང་འབྲས’འདེབས་པ། བདེ་འཇགས་སྡོད་ཁང་ནང་སྡོད་པ། ནད་ལྟ་བར་སྨན་རིན་མང་པོ་སྤྲོད་མི་དགོས་པ། ཕྲུ་གུ་སློབ་གྲྭར་སྐྱོད་པར་ཁ་གསབ་རོགས་དངུལ་སྤྲོད་པ་བཅས་མངོན་འགྱུར་བྱུང་ནས། ན་ནིང་ང་ཚོའི་གྲོང་ཚོ་བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་དང་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད”ཅེས་གནད་སྨིན་དབུལ་སྐྱོར་སྐོར་གླེང་སྐབས་ནང་སོག་ཨེའར་ཏུའོ་སི་གྲོང་ཁྱེར་ཧང་ཅིན་ཆི་པ་ལ་གུང་གྲོང་རྡལ་ཁྲང་ཧན་པེ་གྲོང་ཚོའི་ཀྲུའུ་རེན་ལིའུ་སྨི་ཁྲེང་གིས་བཤད།
           ལོ་འདི་དག་ནང་ཁྲང་ཧན་པེ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་ནི་ས་ཁུལ་དབུལ་པོའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བསྡུས་རིས་ཤིག་རེད། 2013ལོ་ནས་2016ལོ་བར་རྒྱལ་ཡོངས་སུ་ཁྱོན་མི་ཁྲི་5564དབུལ་སྒྲོལ་ཐུབ་པ་དང་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་རེད།
           རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་དུ་དབུལ་པོ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་དེའི་རྒྱུ་རྐྱེན་གཙོ་བོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་ཚད་དམིགས་ཚད་དུ་འཛིན་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་པ། རྒྱལ་སྲིད་སྐྱོང་ལུགས་ནང་གི་གནས་བབ་གལ་ཆེན་དུ་བཞག་པ་བཅས་བྱས་ཏེ་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། རྒྱུན་གཏན་ལས་བརྒལ་བའི་བྱ་ཐབས་མི་ཉུང་བ་སྤྱད་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལྟེ་བའི་དོན་སྙིང་དུ་བྱས་པའི་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཇུས་གཞི་གསར་པ་བཟོས་པ་བཅས་རེད་ཅེས་ངོ་སྤྲོད་བྱས།
         གནད་སྨིན་ལག་བསྟར་བྱས་ནས་ཇུས་གཞི་གསར་པའི་དབུལ་པོ་ཉུང་གཏོང་གི་ཕན་འབྲས་ཆེ་རུ་ཕྱིན་ཞིང་། དབུལ་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱ་ཐབས་དུད་ཚང་དུ་དོན་འཁྱོལ་བྱ་རྒྱུ་གནད་སྨིན། གྲོང་ཚོའི་གནས་ཚུལ་ལ་གཞིགས་ནས་མི་སྣ་མངགས་རྒྱུ་གནད་སྨིན། དབུལ་སྐྱོར་ཕན་འབྲས་གནད་སྨིན་བཅས“གནད་སྨིན་དྲུག”ལས་མི་སྣ་དབུལ་པོའི་དབུལ་པོ་ཆགས་རྐྱེན་བཙལ་འཚོལ་ཡང་དག་བྱས་ནས་དངོས་གནས་དབུལ་སྒྲོལ་ཐུབ་པ་བྱས་ཡོད། ཐོན་སྐྱེད་འཕེལ་རྒྱས་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ་དང་། ཡུལ་གཞན་དུ་གནས་སྤོས་བྱེད་པར་བརྟེན་ནས་ཁག་གཅིག་དབུལ་སྒྲོལ། སྣོད་བཅུད་ཁ་གསབ་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ། སློབ་གསོ་འཕེལ་རྒྱས་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ། སྤྱི་ཚོགས་འགན་ལེན་ལ་བརྟེན་ནས་ཁག་གཅིག་མཐའ་སྐྱོང་བཅས“ལས་གཞི་ཁག་ལྔའི”འདུ་འགོད་ཀྱིས་དབུལ་པོར་འགྱུར་རྐྱེན་ལ་གཞིགས་ནས་ཇུས་འདོན་སྐུལ་འདེད་ཏན་ཏིག་བཏང་བ་རེད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཆ་སྙོམས་ལོ་རེར་མི་ཁྲི་1000ཡན་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད་པ་རེད།
          ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཁྱབ་ཁོངས་ནང་གི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་སྐུལ་གཏོང་གི་ནུས་པ་ཆེན་པོ་ཐོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་《2015ལོའི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་སྙན་ཞུ་》ལས་མངོན་པར་གཞིགས་ན། ཀྲུང་གོས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ལེགས་སྐྱེས་འབུལ་ཚད་70%ལྷག་ཙམ་ཟིན་པ་དང་། གྲུབ་འབྲས་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་དགོས་ངེས་ཞིག་ཡིན་པ་མ་ཟད། འཛམ་གླིང་ཡོངས་ལ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེགས་ཆའང་མངོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དབུལ་པོ་ཉུང་གཏོང་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་དེས་གོ་ལ་ཧྲིལ་པོར་དགེ་མཚན་ལྡན་པའི“ཞོར་ཐོན་ཕན་འབྲས”ཐོབ་ཡོད། 《དཔལ་འབྱོར་མཁས་ཅན་》ནང“འཛམ་གླིང་ཐོག་དབུལ་པོ་ཉུང་གཏོང་ཐད་ཀྲུང་གོ་ནི་དཔའ་བོ་ཞིག་རེད”ཞེས་བསྔགས་བརྗོད་ཆེན་པོ་བྱས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།